《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月23日

“འཛམ་གླིང་སྦྲང་ནོར་བུའི་ཉིན་མོའི”ཀྲུང་གོའི་ཚོགས་ར་གཙོ་བོའི་བྱེད་སྒོ་ལྷོ་ཁར་སྤེལ་འགོ་ཚུགས་པ།

འདི་ག་ཚགས་པར་ཁང་དུ་རྩེད་ཐང་ནས་ཟླ་5ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་2024ལོའི“འཛམ་གླིང་སྦྲང་ནོར་བུའི་ཉིན་མོའི”ཀྲུང་གོའི་ཚོགས་ར་གཙོ་བོའི་བྱེད་སྒོ་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སུ་སྤེལ་འགོ་ཚུགས་པ་རེད། ད་ཐེངས་ཀྱི་བྱེད་སྒོའི་དུས་ཡུན་ཉིན་གཉིས་ཡིན་པ་དང་ཀྲུང་གོ་སྦྲང་རྩིའི་ཐོན་རྫས་མཐུན་ཚོགས་དང་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་ཤིང་། བྱེད་སྒོའི་དམིགས་ཡུལ་ནི་སྦྲང་རྩིའི་ཐོན་རྫས་ལས་རིགས་ལ་སྣེ་ཁྲིད་དེ་ཁྱད་ལྡན་སྦྲང་ནོར་བུའི་ཟེའུ་འབྲུ་སྡེབ་སྦྱོར་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་གཞོལ་ནས་ཁྱད་ལྡན་ལེགས་ཆ་ཆེ་བའི་ཐོན་རྫས་གཏོད་རྒྱུ་དེ་རེད།

“ལྷོ་ཁ་གྲོང་ཁྱེར་ལ་སྦྲང་རྩིའི་འབྱུང་ཁུངས་རྩི་ཤིང་ཕུན་སུམ་ཚོགས་པ་དང་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་ཁོར་ཡུག་ལྡན་པ་ལས་སྦྲང་རྩིའི་ཐོན་ལས་འཕེལ་རྒྱས་གཏོང་བར་ཐུན་མོང་མ་ཡིན་པའི་ཆ་རྐྱེན་མཁོ་འདོན་བྱས་ཡོད”ལྷོ་ཁ་གྲོང་ཨུད་ཀྱི་རྒྱུན་ཨུ་སྣེ་གདོང་ཆུས་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཝུའེ་ཡིས“ཉེ་བའི་ལོ་ཤས་རིང་ལྷོ་ཁ་གྲོང་ཁྱེར་གྱིས་བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་བའི་ལམ་བུར་བསྐྱོད་དེ་སྦྲང་རྩིའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བས། སྦྲང་ནོར་བུའི་ཚོམ་བུའི་གྲངས་འབོར་གྱིས་ལྗོངས་ཡོངས་ཀྱི་70%ཙམ་བཟུང་ནས་ཐོན་སྐྱེད་དང་ཕྱིར་ཚོང་གཞི་གཅིག་གི་ཐོན་ལས་འཁོར་འབྲེལ་འཐུས་ཚང་ཞིག་ཆགས་ཤིང་། སྤུས་ལེགས་སྦྲང་རྩི་ལོར་ཐོན་ཚད་ཏུན་300ལས་བརྒལ་བ་དང་། ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་1ལས་བརྒལ་བ། གྲོང་ཁྱེར་ཡོངས་ཀྱི་མི་ཁྲི་1.8ཙམ་ལ་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱས་ཡོད”ཅེས་ངོ་སྤྲོད་བྱས་པ་རེད། (པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད)

འགོ་ཚུགས་མཛད་སྒོའི་ཐོག་ཀྲུང་གོ་སྦྲང་རྩིའི་ཐོན་རྫས་མཐུན་ཚོགས་དང་སྣེ་གདོང་ཆུས་མི་དམངས་སྲིད་གཞུང་དབར་ཀྲུང་གོའི“སྦྲང་ནོར་བུའི་ཕ་ཡུལ”མཉམ་སྐྲུན་གྱི་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་པ་རེད། ཕྱོགས་གཉིས་པོས་རྟེན་གཞི་འཛུགས་སྐྲུན་དང་། ལག་རྩལ་ཞབས་ཞུ། ཚད་གཞི་བཟོ་བ། སྤུས་ཚད་ཚོད་འཛིན། སྤུས་རྟགས་ཁྱབ་གདལ་སོགས་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། སྦྲང་རྩིའི་ཐོན་ལས་དེ་སྣེ་གདོང་ཆུས་ཀྱི་ཞིང་ལས་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱེད་པ་དང་། གྲོང་གསེབ་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བ། གྲོང་གསེབ་དར་རྒྱས་གཏོང་བ་བཅས་ཀྱི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས་སྣེ་གདོང་ཆུས་ཀྱི་སྤུས་རྟགས་སྦྲང་རྩི་ཐུན་མོང་ཐོག་གཏོད་རྒྱུ་ཡིན་པ་རེད།

(ལྷག་ཚེ་དང་པ་ཕན་གྱིས་སྒྱུར་ཞུས་བྱས)