《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月22日

མཚོ་སྨད་རྫོང་གིས་ཞིང་འབྲོག་པ་སྒྲིག་འཛུགས་བྱས་ནས་ལྗོངས་ཕྱིར་ལས་ཞུགས་བྱེད་པར་བསྐྱོད་པ།

འདི་ག་ཚགས་པར་ཁང་དུ་རྩེད་ཐང་ནས་གློག་འཕྲིན་འབྱོར་གསལ། ཉེ་དུས། མཚོ་སྨད་རྫོང་གིས“2024ལོའི་ཞིང་འབྲོག་པ་གསར་པ་ལྗོངས་ཕྱིར་ལས་ཞུགས་ཀྱི་སྐུལ་སློང་ཚོགས་འདུ་དང་རྡོག་ཐོན་མཛད་སྒོ”གཟབ་རྒྱས་ངང་འཚོགས་པ་དང་། ཞིང་འབྲོག་པ་གསར་པ་13ཚོགས་འདུར་ཞུགས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་ཞིང་འབྲོག་པ་གསར་པ་སྒྲིག་འཛུགས་བྱས་ནས་ལྗོངས་ཕྱིར་ལས་ཞུགས་བྱེད་པར་བསྐྱོད་པའི་དམིགས་ཡུལ་ནི་ཞིང་འབྲོག་མང་ཚོགས་ཀྱི་ལས་ཞུགས་ཐབས་ལམ་རྒྱ་སྐྱེད་དང་ལས་ཞུགས་འཇོན་ཐང་ཆེ་རུ་བཏང་ནས་འབབ་འཕར་ཕྱུག་འགྱུར་ཡོང་ཆེད་ཡིན་པ་རེད།

སྐུལ་སློང་ཚོགས་ཆེན་ཐོག མཚོ་སྨད་རྫོང་གི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་དང་ཞིང་འབྲོག་པ་གསར་པའི་དབར《2024ལོའི་མཚོ་སྨད་རྫོང་གི་ལྗོངས་ཕྱིར་ལས་ཞུགས་བྱེད་པར་སྐྱོད་མཁན་ཞིང་འབྲོག་པ་གསར་པའི་བདེ་འཇགས་ཁག་ཐེག་ཡི་གེར》མིང་རྟགས་བཀོད་དེ། ལས་ཀ་དང་འཚོ་བའི་ཁྲོད་ཁོང་ཚོས་བཅའ་ཁྲིམས་ཁྲིམས་སྲོལ་ལ་སྲུང་བརྩི་དང་རང་ངོས་བདེ་འཇགས་འགན་སྲུང་ཐུབ་པར་བྱས་པ་དང་ཆབས་ཅིག དཀའ་སྤྱད་སྡུག་བསྲན་དང་ལས་ཀར་བརྩོན་པ་སྐྱེད་དགོས་པའི་སྙིང་སྟོབས་ནན་བཤད་བྱས་པ་དང་སྦྲགས། ཚང་མས་མཐུན་སྒྲིལ་གཞོགས་འདེགས་ཀྱི་འདུ་ཤེས་བཙུགས་ནས་ཕན་ཚུན་རོགས་རེས་དང་དོ་ཁུར་བྱས་ཏེ་མཉམ་དུ་ལྗོངས་ཕྱིའི་འཚོ་བ་དང་ལས་ཀའི་ཁོར་ཡུག་ནང་མཉམ་འདྲེས་ཡོང་བར་བྱེད་དགོས་པའི་བླང་བྱ་བཏོན་རེད།

ངོ་སྤྲོད་བྱས་པར་གཞིཌ་ན། གོམ་སྟབས་རྗེས་མར། མཚོ་སྨད་རྫོང་གིས་ལས་ཞུགས་ལས་དོན་ལ་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་ཟམ་མི་ཆད་པར་བཏང་ནས་གྲོང་གསེབ་དར་རྒྱས་ལ་སྟོབས་ཤུགས་དེ་བས་ཆེ་བ་འབུལ་རྒྱུ་ཡིན་པ་རེད།