《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月22日

བསམ་གྲུབ་རྩེ་ཆུས་གྲོང་ཤར་ཁྲོམ་གཞུང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས(སུའོ)ཀྱིས།

“ཇ་ཁང་དུ་བདེ་སྐྱིད་གླེང་བའི”དང་བླངས་ ཞབས་ཞུའི་བྱེད་སྒོ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། བསམ་གྲུབ་རྩེ་ཆུས་གྲོང་ཤར་ཁྲོམ་གཞུང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས(སུའོ)ཀྱིས་སྒྲོག་འགྲེལ་པ་དང་གཞོན་ནུ་དང་བླངས་པ་སྒྲིག་འཛུགས་བྱས་ནས་ཁོངས་གཏོགས་ཀྱི་ཇ་ཁང་ཁག་ཏུ“ཇ་ཁང་དུ་བདེ་སྐྱིད་གླེང་བའི”དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོ་སྤེལ་རིང་། སྒྲོག་འགྲེལ་པ་དང་གཞོན་ནུ་དང་བླངས་པ་ཚོས་ཇ་ཁང་ནང་དུ་མང་ཚོགས་མང་བ་དང་མང་ཚོགས་དང་འབྲེལ་འདྲིས་ཆེ་བའི་ལེགས་ཆ་སྤྱད་དེ་ཅི་འཕྲོས་མོལ་འཕྲོས་ཤོད་པའི་ཚུལ་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བ། རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་བཅས་བརྟན་པོར་འཛུགས་པ་སོགས་ཀྱི་ནང་དོན་ལ་དམིགས་ནས་སྒྲོག་འགྲེལ་བྱས་ཏེ། ཏང་གི་སྲིད་ཇུས་སྒྲོག་འགྲེལ་གཏིང་ཟབ་ཏུ་གཏོང་བ་དང་། དོན་ལ་འཁྱོལ་བ། སེམས་ལ་ཟུག་པ་བཅས་ཡོང་བར་སྐུལ་འདེད་ནུས་ལྡན་བཏང་བ་དང་ཆབས་ཅིག རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོར་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་པའི་སློབ་གསོ་ཁྲིད་སྟོན་ཡང་བྱས་པ་རེད།

སྒྲོག་འགྲེལ་པ་དང་གཞོན་ནུ་དང་བླངས་པ་20ལྷག་ཙམ་ཇ་ཁང་8དུ་བསྐྱོད་དེ་དྲིལ་བསྒྲགས་དཔྱད་གཞི་ཁྱོན་100ལྷག་ཙམ་སྤྲད་པ་དང་མང་ཚོགས་180ལྷག་ཙམ་ལ་ཕན་པ་ཐོབ་ཡོད་པ་རེད།

ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དེ་མུ་མཐུད་མདུན་སྐྱོད་བྱེད་པའི་སྒུལ་ཤུགས་སུ་བསྒྱུར་ནས་ད་ཆའི་ཐོབ་སླ་པོ་མིན་པའི་བདེ་སྐྱིད་འཚོ་བར་གཅེས་སྤྲས་ཡག་པོ་བྱེད་ཀྱི་ཡིན་ཞེས་མང་ཚོགས་ཚོས་འཚང་ཁ་ཤིག་ཤིག་གིས་བཤད་པ་རེད།