《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月22日

བྲག་ཡིབ་ཆུས་མི་སྤྱི་ཅུས་ཀྱིས།

“ཁེ་ལས་ལ་འཚམས་འདྲི་དང་། ལས་གནས་རྒྱ་སྐྱེད། ལས་ཞུགས་ལ་སྐུལ་འདེད”བཅས་ཀྱི་ཆེད་དོན་བྱ་སྤྱོད་སྤེལ་བ།

འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་གློག་འཕྲིན་འབྱོར་གསལ། “ཁེ་ལས་ལ་འཚམས་འདྲི་དང་། ལས་གནས་རྒྱ་སྐྱེད། ལས་ཞུགས་ལ་སྐུལ་འདེད”བཅས་ཀྱི་ཆེད་དོན་བྱ་སྤྱོད་ཀྱི་འབྲེལ་ཡོད་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ནས་སྲིད་གཞུང་དང་ཁེ་ལས་མཉམ་ལས་གཏིང་ཟབ་ཡོང་བར་སྔར་བས་ཤུགས་སྣོན་རྒྱག་པ་དང་། ལས་ཞུགས་ལས་གནས་དེ་བས་མང་དུ་གཏོང་བ། མཐོ་སློབ་སློབ་ཐོན་སློབ་མ་སྤུས་ཚད་མཐོ་བའི་ལས་ཞུགས་ཡོང་བར་ཞབས་འདེགས་ཞུ་བ་བཅས་བྱ་ཆེད། ཉེ་ཆར། བྲག་ཡིབ་ཆུས་མི་སྤྱི་ཅུས་ཀྱི་འབྲེལ་ཡོད་ལས་དོན་པ་ཉིང་ཁྲིའི་དཔལ་འབྱོར་གསར་སྤེལ་ཁུལ་དུ་བསྐྱོད་དེ“ཁེ་ལས་ལ་འཚམས་འདྲི་དང་། ལས་གནས་རྒྱ་སྐྱེད། ལས་ཞུགས་ལ་སྐུལ་འདེད”བཅས་ཀྱི་ཆེད་དོན་བྱ་སྤྱོད་སྤེལ་བ་རེད།

ད་ཐེངས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད། བྲག་ཡིབ་ཆུས་མི་སྤྱི་ཅུས་དང་ཁེ་ལས་དབར་འབྲེལ་བ་དམ་ཟབ་བཙུགས་པ་དང་། མི་སྤྱོད་ཚན་པའི་ཤེས་ལྡན་པའི་དགོས་མཁོ་ཕྱོགས་ཡོངས་ནས་རྒྱུས་ལོན་བྱས་ཏེ་ལས་ཞུགས་མཛུབ་ཁྲིད་ཀྱི་ཞབས་ཞུར་གཞི་འཛིན་ས་མཁོ་འདོན་བྱས་ནས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཐབས་ལམ་རྒྱ་སྐྱེད་གཏོང་ཆེད་རྨང་གཞི་བརྟན་པོ་ཞིག་བཏིང་པ་རེད། གོམ་སྟབས་རྗེས་མར་བྲག་ཡིབ་ཆུས་མི་སྤྱི་ཅུས་ཀྱིས“ཁེ་ལས་ལ་འཚམས་འདྲི་དང་། ལས་གནས་རྒྱ་སྐྱེད། ལས་ཞུགས་ལ་སྐུལ་འདེད”བཅས་ཀྱི་ཆེད་དོན་བྱ་སྤྱོད་མུ་མཐུད་གཏིང་ཟབ་སྤེལ་ནས། ས་གནས་ས་ཐོག་ཏུ་ཁེ་ལས་ལ་འཚམས་འདྲི་བྱས་ཏེ་སྤུས་ཚད་མཐོ་བའི་ལས་གནས་སྔར་བས་མང་དུ་བཏང་སྟེ་མཐོ་སློབ་སློབ་ཐོན་སློབ་མར་ལས་ཞུགས་ཀྱི་གོ་སྐབས་དེ་བས་མང་བ་མཁོ་འདོན་བྱེད་རྒྱུ་རེད།