འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར་གསར་འགོད་པས་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱས་པར། མིག་སྔའི་ཞིང་ལས་ཐོན་སྐྱེད་ཀྱི་ལས་དོན་ནང་། ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་གིས་ཐོན་སྐྱེད་ཀྱི་འཆར་གཞི་སྔ་ཙམ་འགོད་པ་དང་། ལག་རྩལ་ཁྱབ་གདལ་སྔ་ཙམ་བཀོད་སྒྲིག ཐོན་འཕར་བྱ་ཐབས་སྔ་ཙམ་དོན་འཁྱོལ། ལག་རྩལ་ཞབས་ཞུ་སྔ་ཙམ་སྤེལ་བ་བཅས་བྱས་པ་མ་ཟད། བྱ་ཐབས་སྣ་ཚོགས་སྤྱད་དེ་དཔྱིད་རྨོད་དཔྱིད་གྲབས་ལས་དོན་འགོ་ཡག་པོ་བཙུགས་པ་དང་གོམ་སྟབས་ཡག་པོ་སྤོས་ནས། ལོ་ཧྲིལ་པོའི་ཞིང་ལས་ཐོན་སྐྱེད་ཀྱི་འཆར་གཞིའི་དམིགས་ཚད་མངོན་འགྱུར་བྱ་ཆེད་རྨང་གཞི་བཏིང་བ་རེད།
འཕྱོངས་རྒྱས་རྫོང་གིས་དགུན་དུས་ཀྱི་ཞིང་དལ་དུས་ཚོད་གང་ལེགས་སྤྱད་ནས་ཞིང་པ་སྒྲིག་འཛུགས་བྱས་ཏེ་ཁྱིམ་ལུད་གསོག་པའི་ལས་དོན་ཧུར་ཐག་སྤེལ་ཏེ་ཁྱིམ་ལུད་ཏུན་ཁྲི་4བསགས་ཡོད། དེ་དང་ཆབས་ཅིག་ཞིང་ལས་རྒྱུ་ཆ་གཙོ་བོ་གཏོང་འདྲེན་གྱི་གྲ་སྒྲིག་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ་མ་དངུལ་སྒོར་ཁྲི་413.45བཏང་ནས་སྐྱེ་ལྡན་ལུད་ཏུན་2468.36ཉོས་ཏེ་མུའུ་རེར་སྐྱེ་ལྡན་ལུད་རྒྱ་མ་350ཡན་ཐོལ་པ་བརྒྱབ་པ་དང་། འབྲུ་རིགས་དང་པད་ཁའི་སོན་རྒྱ་མ་57.296དང་། རྫས་ལུད་ཏུན་433 ཞིང་སྨན་ཏུན་1.678བཅས་གྲ་སྒྲིག་བྱས་ཏེ་དཔྱིད་འདེབས་ཀྱི་ཞིང་ལས་རྒྱུ་ཆ་འདང་ངེས་མཁོ་འདོན་བྱས་ཡོད། ཞིང་པར་རོཌ་སྐྱོར་བྱེད་པའི“གཤམ་སྤེལ་ལྔའི”ལག་རྩལ་ཞབས་ཞུ་སྟེ། སྲིད་ཇུས་དང་། ཚན་རྩལ། ཞིང་ལས་རྒྱུ་ཆ། ཆ་འཕྲིན། ཞབས་ཞུ་བཅས་ཀྱི་ལས་དོན་སྤེལ་ནས་དཔྱིད་དུས་ཞིང་ལས་ཐོན་སྐྱེད་ལ་འཕྲད་པའི་དཀའ་ངལ་དང་གནད་དོན་དངོས་ཐག་གཅོད་བྱས་པ་རེད།