《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月22日

སོ་ནམ་དུས་ཚོད་དམ་འཛིན་གྱིས་ཞིང་ལས་ལ་བྲེལ་བ།

གནམ་གཤིས་རིམ་བཞིན་དྲོ་རུ་སོང་བ་དང་བསྟུན་ནས། རང་ལྗོངས་ཀྱི་ས་གནས་ཁག་གི་ཞིང་ལས་ཐོན་སྐྱེད་ལས་དོན་ཡང་འགག་རྩའི་དུས་སུ་སླེབས་ཡོད། ས་གནས་ཁག་གིས་བྱ་ཐབས་ནུས་ལྡན་སྤྱད་དེ་ཞིང་ལས་ལ་ཐོན་འཕར་བརྟན་པོ་དང་ཞིང་པར་འབབ་འཕར་བརྟན་པོ་ཡོང་བའི་འགན་ལེན་བྱས་ནས། ལོ་ཧྲིལ་པོའི་འབྲུ་རིགས་ཐོན་འཕར་དང་ཞིང་ལས་ཀྱི་ཕན་འབྲས་ཆེ་རུ་འགྲོ་བར་རྨང་གཞི་བརྟན་པོ་བཏིང་ཡོད།

པར①ནི་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁྲ་འབྲུག་གྲོང་རྡལ་ཁེ་གསུམ་གྲོང་ཚོའི་སོན་མས་ཞིང་ནང་དུ་སོན་བཤོ་བཞིན་པ།

པར②ནི་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁྲ་འབྲུག་གྲོང་རྡལ་ཁེ་གསུམ་གྲོང་ཚོའི་དཔྱིད་རྨོད་དཔྱིད་འདེབས་ཀྱི་རྣམ་པ་ཡིན་པ།