《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2024年05月22日

ལྷ་ས་གྲོང་ཁྱེར་གཞུང་རྒྱུ་ཨུ་ལྷན་གྱིས།

གཞུང་རྒྱུ་དང་གཞུང་ཁོངས་ཁེ་ལས་ཁོངས་གཏོགས་སུ་ཏང་འཛུགས་སྐྱོང་གི་སྤེལ་རེས་བྱེད་སྒོ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྷ་ས་གྲོང་ཁྱེར་གཞུང་རྒྱུ་ཨུ་ལྷན་གྱིས་ལྷ་ས་གྲོང་ཁྱེར་གྲོང་ཁྱེར་འཛུགས་སྐྲུན་མ་འཇོག་གཉེར་སྐྱོང་ཚད་ཡོད་ཀུང་སིའི(གཤམ་དུ“གྲོང་ཁྱེར་མ་འཇོག་ཀུང་སི”ཞེས་བསྡུ་རྒྱུ)ཁོངས་གཏོགས་ཀྱི་རིམ་པ་གཉིས་པའི་ཡན་ལག་ཀུང་སི་ཁུན་ཐའེ་ཚོགས་པས་དུས་ཐེངས་དང་པོའི་གྲོང་ཁྱེར་གྱི་གཞུང་རྒྱུ་དང་གཞུང་ཁོངས་ཁེ་ལས་ཁོངས་གཏོགས་སུ་ཏང་འཛུགས་སྐྱོང་གི་སྤེལ་རེས་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་བ་རེད། ལྷ་ས་གྲོང་ཨུད་རྩ་འཛུགས་པུའི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་ཚོགས་འདུར་མཛུབ་ཁྲིད་གནང་བ་དང་། གྲོང་ཁྱེར་ཁོངས་གཏོགས་ཀྱི་གཞུང་ཁོངས་ཁེ་ལས་དང་གླིང་ཁུལ་གྱི་གཞུང་ཁོངས་ཁེ་ལས་ཏང་འཛུགས་སྐྱོང་གི་ཆེད་བསྐོས་ཧྲུའུ་ཅི་གཞོན་པ་དང་། ཏང་ཨུད་གཞུང་དོན་ཁང་གི་འགན་འཁུར་བ། ཏང་དོན་ལས་དོན་པ་བཅས་ཁྱོན་མི་40ལྷག་ཙམ་ཞུགས་ཡོད་པ་རེད།

བྱེད་སྒོ་སྤེལ་རིང་། ཁུན་ཐའེ་ཚོགས་པའི་ཏང་འཛུགས་སྐྱོང་འགྲེམས་སྟོན་ཁང་དང་ཁེ་ལས་ཀྱི་ལོ་རྒྱུས་རིག་གནས་འགྲེམས་སྟོན་ཁང་ལ་ལྟ་སྐོར་བྱས་པ་དང་། ཁེ་ལས་ཀྱི་རིག་གནས་དང་དེ་བཞིན་ཁེ་ལས་འཕེལ་རྒྱས་དང་མཉམ་དུ་འཕེལ་རྒྱས་བྱུང་བའི་ཏང་རྩ་འཛུགས་འཛུགས་སྐྱོང་གི་བརྒྱུད་རིམ་ལ་དམིགས་ཏེ། ཁུན་ཐའེ་ཚོགས་པ་ནི་གྲོང་ཁྱེར་མ་འཇོག་ཀུང་སིའི་ལས་གྲྭ་འཛུགས་སྐྲུན་གྱི་ཡན་ལག་ཁེ་ལས་ཤིག་ཡིན་པའི་ངོས་ནས་ཏང་འཛུགས་སྐྱོང་གིས་ཁེ་ལས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་ཐད་ཐོབ་པའི་གྲུབ་འབྲས་ཕྱོགས་ཡོངས་ནས་ཤེས་རྟོགས་བྱས་པ་རེད། ལྷ་ས་གྲོང་ཨུད་རྩ་འཛུགས་པུས་ད་ཐེངས་ཀྱི་བྱེད་སྒོའི་ཕན་འབྲས་ལ་ཁས་ལེན་གང་ལེགས་བྱས་ནས། གཞུང་རྒྱུ་དང་གཞུང་ཁོངས་ཁེ་ལས་ཀྱིས་ཏང་འཛུགས་སྐྱོང་སྐོར་ལ་ལྟ་སྐོར་སྤེལ་རེས་ཀྱི་བྱེད་སྒོ་སྤེལ་བར་སྐུལ་ལྕག་དང་རྒྱབ་སྐྱོར་བྱས་པ་རེད།