འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ལས་བྱེད་པ་རྒན་གྲས་ཀྱི་ལུས་སེམས་བདེ་ཐང་ལ་སྔར་བས་སྐུལ་འདེད་གཏོང་ཆེད། ཉེ་ཆར། སྙེ་མོ་རྫོང་གིས་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པ་30སྒྲིག་འཛུགས་བྱས་ནས་པེ་ཧའེ་རུ་དུས་ཡུན་ཉིན་13རིང་བདེ་ཐང་ལུས་གསོ་བྱེད་པར་བསྐྱོད་ཡོད།
ད་ཐེངས་ཀྱི་ལུས་གསོ་སྒྲིག་འཛུགས་ཡག་པོ་བྱ་ཆེད། སྙེ་མོ་རྫོང་གིས་ཚད་མཐོའི་མཐོང་ཆེན་དང་ཇུས་འགོད་ཞིབ་ཚགས་བྱས་ཏེ་ལས་བྱེད་པ་རྒན་གྲས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་བདེ་ཐང་ལུས་གསོའི་བྱེད་སྒོའི་ཇུས་གཞི་བཟོས་ནས། ཟ་སྡོད་དོ་དམ་དང་། སྨན་བཅོས་འགན་ལེན། རྒྱབ་ཕྱོགས་མཁོ་སྒྲུབ་ཞབས་ཞུ་སོགས་ཐད་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ་བདེ་ཐང་ལུས་གསོ་བདེ་བླག་ཡོང་བའི་འགན་ལེན་བྱས་ཡོད། ལུས་གསོ་བྱེད་རིང་། ལས་བྱེད་པ་རྒན་གྲས་ཀྱིས“མི་སྒེར་གྱི་རང་མོས་དང་། ནུས་པས་ལྕོགས་ཚོད། འོས་འཚམ་ཞུགས་པ”བཅས་ཀྱི་རྩ་དོན་གཞིར་བཟུང་། བྱེད་སྒོ་ཁག་ནང་ཧུར་ཐག་ཞུགས་ནས། བསམ་ཚུལ་སྤེལ་རེས་དང་། ལུས་གསོ་བྱེད་རིང་དགའ་སྤྲོའི་རྣམ་པས་ཁེངས་པར་བྱས་ཡོད།
ལས་བྱེད་པ་རྒན་གྲས་ཚོས། སྙེ་མོ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པ་རྒན་གྲས་ལ་སེམས་ཁུར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། སླད་ཕྱིན“རྒན་ཡོལ་ཞུས་ཀྱང་སྙིང་སྟོབས་མི་ཉམས་པ་དང་ལས་གནས་ནས་བྲལ་ཡང་ཏང་དང་ཁ་མི་བྲལ་བ”མཐའ་འཁྱོངས་བྱས་ཏེ་སྙེ་མོའི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་མུ་མཐུད་ཐབས་འདོན་ཇུས་འབུལ་བྱེད་ཀྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།