འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་། ཁྲེང་ཀོན་ཆུས་ཀྱིས་ཆེད་བསྐོས་སྡེ་ཁུལ་གྱི་ལས་དོན་པ་48སྒྲིག་འཛུགས་བྱས་ནས། ལྷ་ས་གྲོང་ཁྱེར་གྱི་སྡེ་ཁུལ་གྱི་ལས་དོན་པའི་ཆེད་དོན་གསོ་སྦྱོང་འཛིན་གྲྭ(ཁྲེང་ཏུའི་འཛིན་གྲྭ)ཐེངས་གཉིས་པར་ཞུགས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། སྡེ་ཁུལ་གྱི་ལས་དོན་པ་གསར་པ་རྣམས་ཀྱིས་སྡེ་ཁུལ་གྱི་ལས་དོན་པའི་ལས་ཀའི་ནང་གང་མགྱོགས་ཞུགས་པར་སྐུལ་འདེད་གཏོང་བ་དང་། སྡེ་ཁུལ་གྱི་གྲོང་མིའི་ཞབས་འདེགས་ཞུ་བའི་འདུ་ཤེས་དང་འཇོན་ཐང་ཆེ་རུ་གཏོང་བ། སྡེ་ཁུལ་གྱི་དོ་དམ་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱ་ཆེད། གསོ་སྦྱོང་འཛིན་གྲྭས་ཁྲེང་ཏུའུ་ཆ་འཕྲིན་འདུ་འགོད་སློབ་ཆེན་གྱི་སྤྱི་ཚོགས་ལས་དོན་རབ་འབྱམས་པའི་སློབ་གསོ་ལྟེ་གནས་ཀྱི་ཀྲུའུ་རེན་ཁྲེན་ཧུའེ་ཆོན་གདན་དྲངས་ནས་སྤྱི་ཚོགས་ལས་དོན་གྱི་ཕྱོགས་བསྡུས་ནུས་པ་དང་སྤྱི་ཚོགས་ལས་དོན་གྱི་དོན་དངོས་སོགས་ཀྱི་སློབ་ཚན་ལ་དམིགས་ནས་ལས་རོགས་སྤྱི་ཚོགས་ལས་དོན་པའི་ཆེད་ལས་གསོ་སྦྱོང་བྱས་པ་རེད། སློབ་མ་ཚོ་རྒྱལ་ཡོངས་ཀྱི་སྤྱི་ཚོགས་ལས་དོན་པའི་ལས་རིགས་ཐོབ་ཐང་གི་ཡིག་རྒྱུགས་དང་ཞིབ་དཔྱད་ནང་ཞུགས་པར་རྒྱབ་སྐྱོར་དང་ཁྲིད་སྟོན་བྱས་པ་མ་ཟད། སྤྱི་ཚོགས་ལས་དོན་པའི་ལས་ཀའི་གཞི་རྩའི་ཤེས་བྱ་དང་རྩལ་ནུས་ཁོང་དུ་ཆུད་པར་རོགས་རམ་བྱེད་པ་དང་། སྡེ་ཁུལ་ལས་དོན་པས་ལག་ཁྱེར་ཡོད་པར་ལས་དོན་སྒྲུབ་པའི་ཆུ་ཚད་མཐོ་རུ་འགྲོ་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། བྱ་སྤྱོད་དངོས་ལ་བརྟེན་ནས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཆེད་ལས་ཅན་གྱི་སྡེ་ཁུལ་ལས་དོན་གྱི་ཞབས་ཞུ་གཏོད་པ་བཅས་བྱས་ནས། ལྷ་ས་གྲོང་ཁྱེར་གྱི་གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་གསོན་ཤུགས་གསར་པ་བསྣན་ཡོད།
(ཚེ་ཁོས་བསྒྱུར། པ་སངས་དང་ཚེ་ཁོས་ཞུས)