ཚེས་19ཉིན་གྱི་དགོང་མོ། ཏོ་སྨི་ནི་ཁའི་ད་ལྟ་འགན་འཁུར་བཞིན་པའི་ཙུང་ཐུང་དེང་རབས་གསར་བརྗེ་ཏང་གི་འོས་མི་ཨ་པི་ནཱ་ཏེར་གྱིས་འདེམས་བསྐོའི་སྤྱི་ཁྱབ་པུའུ་རུ་དེ་ཉིན་སྤེལ་བའི་ཙུང་ཐུང་འདེམས་བསྐོའི་རེས་སྐོར་དང་པོའི་འདེམས་ཤོག་འཕེན་སྐབས་རྣམ་པར་རྒྱལ་བ་དང་ལས་ཁུར་བསྟུད་འཛིན་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། འདི་ནི་ཏོ་སྨི་ནི་ཁའི་རྒྱལ་ས་སན་ཐོ་མིང་ཀོ་རུ་ཨ་པི་ནཱ་ཏེར(དཀྱིལ)གྱིས་འདེམས་བསྐོའི་སྤྱི་ཁྱབ་པུའུ་རུ་འདེམས་བསྐོའི་གཏམ་བཤད་སྤེལ་བཞིན་པ།