《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月22日

“ཡག་པོ་བཞིའི་གྲོང་གསེབ་གཞུང་ལམ”ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱས་པ།

↑ཉེ་བའི་ལོ་ཤས་རིང་། ཧོ་པེ་ཞིང་ཆེན་ཡོན་ཧྲི་རྫོང་གིས“གཞུང་ལམ་གཅིག་བསྐྲུན་པ་དང་། ཐོན་ལས་ཡུག་གཅིག་མཉམ་འདྲེས། ལམ་ཧྲིལ་པོའི་ཡུལ་ལྗོངས་མཉམ་སྦྲེལ། ཕྱོགས་གཅིག་གི་མི་སེར་ལ་ཕན་འདོགས་པ”བཅས་ཀྱི་འདུ་ཤེས་ལ་བརྟེན་ནས“ཡག་པོ་བཞིའི་གྲོང་གསེབ་གཞུང་ལམ”འཛུགས་སྐྲུན་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། དེང་རབས་ཅན་གྱི་གྲོང་གསེབ་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་འཐུས་སྒོ་ཚང་དུ་བཏང་བས། གྲོང་ཁུལ་ལྟེ་བར་བྱེད་པ་དང་། ཤང་དང་གྲོང་རྡལ་མཚམས་ཚིགས་སུ་བྱེད་པ། གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་འགྱེད། གཞུང་ལམ་ཨ་མ་དང་ཡན་ལག་དུམ་བུ་ཕན་ཚུན་སྦྲེལ་མཐུད་བཅས་ཀྱི་གྲོང་གསེབ་ཀྱི་གཞུང་ལམ་དྲ་བ་ཞིག་རགས་ཙམ་གྲུབ་སྟེ་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱས་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་རྫོང་དེའི་གྲོང་གསེབ་གཞུང་ལམ་ཤར་གཏོང་ཐུབ་པའི་ལམ་ཐག་སྤྱི་ལེ་1000ལྷག་ཙམ་ཟིན་ཡོད། འདི་ནི་ཧོ་པེ་ཞིང་ཆེན་ཡོན་ཧྲི་རྫོང་སུའུ་ཚུན་ཤང་ཁུང་གྲོང་ཚོའི་ཉེ་འགྲམ་ནས་པར་བླངས་པའི་གྲོང་གསེབ་ཡུལ་སྐོར་གྱི་གཞུང་ལམ་ཡིན་པ།