ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ཆུ་ཚད་དེ་བས་མཐོ་བའི་དམངས་ཡོངས་ལུས་སྦྱོང་གི་སྤྱི་པའི་ཞབས་ཞུའི་མ་ལག་སྐྲུན་པར་རྒྱུན་མཐུད་སྐུལ་འདེད་བཏང་ནས། ལུས་རྩལ་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། དམངས་ཡོངས་ཀྱི་ལུས་རྩལ་རིག་གནས་བྱེད་སྒོ་ཕུན་སུམ་ཚོགས་སུ་གཏོང་ཆེད། ཉེ་ཆར་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱིས་དམངས་ཡོངས་ལུས་སྦྱོང་གི་རིམ་སྤེལ་བྱེད་སྒོའི་གྲས་ཡིན་པའི་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་རྣམ་གྲངས་འགྲན་བསྡུར་བྱས་ཡོད། ད་ཐེངས་ཀྱི་བྱེད་སྒོ་སྤེལ་བའི་དམིགས་ཡུལ་གཙོ་བོ་ནི་དམངས་ཡོངས་ལུས་སྦྱོང་གི་སྤྲོ་སེམས་འཕེལ་བ་དང་དམངས་ཡོངས་ལུས་སྦྱོང་གི་ཁོར་ཡུག་བཟང་པོ་གཏོད་ཆེད་ཡིན་པ་རེད། འདི་ནི་འགྲན་ཞུགས་པས་བི་ཤུ་འཕེན་བཞིན་པ།