《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2024年05月22日

མཆོང་རྒྱུག་འཕེན་གསུམ་དང་སྙུགས་ཤེད་རྣམ་གྲངས་ཀྱི་ས་མཐོའི་ཞིང་ཆེན་དང་ལྗོངས་ཀྱི་འགྲན་བསྡུར་སྐབས་བཅུ་གཅིག་པ་གཉེར་བ།

རང་སྐྱོང་ལྗོངས་ཀྱི་ལུས་རྩལ་ལག་རྩལ་སློབ་གྲྭའི་ལུས་རྩལ་པ་ཚོར་གསེར་གྱི་རྟགས་མ་4དང་དངུལ་གྱི་རྟགས་མ་3ཐོབ་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་5ཚེས་20ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར། དུས་ཡུན་ཉིན་9ཡིན་པའི་མཆོང་རྒྱུག་འཕེན་གསུམ་དང་སྙུགས་ཤེད་རྣམ་གྲངས་ཀྱི་ས་མཐོའི་ཞིང་ཆེན་དང་ལྗོངས་ཀྱི་འགྲན་བསྡུར་སྐབས་བཅུ་གཅིག་པ་དང་ས་མཐོའི་རྗེས་གྲབས་ཤེས་ལྡན་པའི་སྦྱོང་བརྡར་སྒར་ཀུའེ་ཀྲོའུ་ཞིང་ཆེན་ཙུན་དབྱི་གྲོང་ཁྱེར་དུ་འཚོགས་ཤིང་། རང་སྐྱོང་ལྗོངས་ཀྱི་ལུས་རྩལ་ལག་རྩལ་སློབ་གྲྭའི་སློབ་མར་འགྲན་བསྡུར་ཁྲོད་གསེར་གྱི་རྟགས་མ་4དང་དངུལ་གྱི་རྟགས་མ་3ཐོབ་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་བྱེད་སྒོར་ཞུགས་པའི་ལུས་རྩལ་པ་500ལྷག་ནི་ཡུན་ནན་དང་། ཀན་སུའུ། མཚོ་སྔོན། བོད་ལྗོངས། ཀུའེ་ཀྲོའུ། ཤིན་ཅང་། ཧྲའན་ཤིས། སི་ཁྲོན། ཉིང་ཞ་བཅས་ནུབ་རྒྱུད་ཀྱི་ཞིང་ཆེན་དང་ལྗོངས་9དང་། དེ་བཞིན་ནུབ་རྒྱུད་ཀྱི་གཙོ་གནད་ལུས་རྩལ་སློབ་གྲྭ་10དང་ནང་སོག་གི་འདུར་འགྲོས་རྣམ་གྲངས་ཀྱི་ཆུ་ཚད་མཐོ་བའི་རྗེས་གྲབས་ཤེས་ལྡན་པའི་རྟེན་གཞི་4ནས་ཡིན་པ་རེད།