འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་5ཚེས་20ཉིན་གནས་ཚུལ་འབྱོར་གསལ། ཚེས་20ཉིན་གྱི་སྔ་དྲོ་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་དང་ལྷ་ས་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་ཀྱིས་སྒྲུབ་འགན་འཁུར་བའི་2024ལོའི་ལྷ་སའི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཚོགས་ཆེན·ཚོང་འགུགས་མ་འདྲེན་དང་ཡུལ་སྐོར་ཚོང་པའི་འོས་སྦྱོར་ངོ་སྤྲོད་ཚོགས་འདུ་ལྷ་སར་འཚོགས་པ་རེད།
འོས་སྦྱོར་ངོ་སྤྲོད་ཚོགས་འདུའི་ཐོག ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་དང་ལྷ་ས་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་ཀྱིས་ལྷ་ས་གྲོང་ཁྱེར་གྱི་ཚོང་འགུགས་མ་འདྲེན་གྱི་གཟིགས་སྐྱོང་སྲིད་ཇུས་དང་ཚོང་འགུགས་མ་འདྲེན་གྱི་ཡུལ་སྐོར་ཐོན་ལས་རྣམ་གྲངས་ཐད་ཀྱི་སྲིད་ཇུས་གསལ་འགྲེལ་བྱས་པ་དང་འབྲེལ། གཙོ་གནད་རྣམ་གྲངས་དང་ས་མཐོའི་ཚན་རིག་ཁྱབ་གདལ་ཞིབ་སྦྱོང་གི་བརྗོད་དོན་གཙོ་བོའི་ཡུལ་སྐོར་ལམ་ཐིག་སྤུས་དག་སོགས་ངོ་སྤྲོད་ཀྱང་བྱས་པ་རེད། ལྷ་ས་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་དང་ལྷ་ས་གྲོང་ཁྱེར་པོ་ཏ་ལ་ཡུལ་སྐོར་རིག་གནས་ཚོགས་པ་ཚད་ཡོད་ཀུང་སིས་ཞེ་ཁྲེང་ཚོགས་པ་དང་ཤིན་ཅང་ཧོ་ཐེན་ས་ཁུལ་རིག་གནས་ཡུལ་སྐོར་ཅུས་སོགས་དང་མཉམ་ལས་ཀྱི་གྲོས་མཐུན་མང་པོ་བཞག་ཡོད་པ་རེད། ས་གནས་ས་ཐོག་ཏུ་ཁྱོན་རྣམ་གྲངས་5ལ་གན་རྒྱ་བཞག་པ་དང་གྲོས་མཐུན་མ་འཇོག་སྒོར་དུང་ཕྱུར་11.07ཟིན་ཡོད་པ་རེད།
(པ་ཕན་གྱིས་བསྒྱུར། ལྷག་ཚེས་ཞུས)