འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་5ཚེས་20ཉིན་གནས་ཚུལ་འབྱོར་གསལ། ཚེས་20ཉིན། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་དང་ཁྲུང་ཆིང་གྲོང་ཁྱེར་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ལྷ་སར《ཁྲིམས་འཛིན་ལག་རྩལ་ལས་དོན་གྱི་མཉམ་སྒྲུབ་བརྗེད་ཐོར》མིང་རྟགས་བཀོད་པ་རེད།
རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཏང་ཙུའི་ཧྲུའུ་ཅི་དང་ཡོན་ཀྲང་ཚེ་བརྟན་དང་ཁྲུང་ཆིང་གྲོང་ཁྱེར་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་རྒྱུན་ལས་ཡོན་ཀྲང་གཞོན་པ་ཝང་ཀྲུང་ཝུའེ་མཛད་སྒོར་ཞུགས་ནས་ཤིས་ཚིག་བསྒྲོན་པ་རེད།
ཚོགས་འདུའི་ཐོག་ནན་བཤད་གནང་དོན། ད་ཐེངས《བརྗེད་ཐོར》ཐུན་མོང་ཐོག་མིང་རྟགས་བཀོད་པ་དེ་ནི་ཁྲུང་ཆིང་དང་བོད་ཀྱི་མཛའ་གྲོགས་རྒྱུན་འཛིན་བྱེད་པ་དང་། རོགས་རེས་ཟམ་པ་སྐྲུན་པ། མཉམ་ལས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་ཀྱི་ཞིབ་ཕྲའི་མཚོན་ཚུལ་ཞིག་ཡིན་པས། ས་གནས་གཉིས་ཀྱི་ཁྲིམས་ཁང་ཕན་ཚུན་མཉམ་སྦྲེལ་མཉམ་མཐུད་དང་། ཕན་ཚུན་རོགས་རེས། མཉམ་སྐྲུན་མཉམ་སྤྱོད་བཅས་ལ་སྔར་བས་སྐུལ་འདེད་གཏོང་ངེས་རེད། བོད་ལྗོངས་ཁྲིམས་ཁང་གིས་ཁྲུང་ཆིང་ཁྲིམས་ཁང་དང་མཉམ་དུ་ནུས་ཤུགས་ཡོད་རྒུས《བརྗེད་ཐོ》དོན་འཁྱོལ་ལ་སྐུལ་འདེད་བཏང་ནས། ཁྲིམས་འཛིན་ལག་རྩལ་མཉམ་སྒྲུབ་དེ་བས་མང་བ་དང་ཁྱབ་ཁོངས་དེ་བ་ཆེ་རུ་བཏང་སྟེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།
(ཉི་དོན་གྱིས་བསྒྱུར། གནམ་ཕྱུག་རྒྱལ་གྱིས་ཞུས)