《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月22日

ལྷ་ས་གྲོང་ཁྱེར་སྲིད་གཞུང་དང་ལྷ་ས་འགག་སྒོ་ལས་ཁུངས་དབར་མཉམ་ ལས་དྲན་ཐོར་མིང་རྟགས་བཀོད་པ།

སྤུས་འབྲས་ལེགས་གཉེར་གྱི་བྱེད་ཐབས་ཁག་བཅོ་ལྔས་ ཕྱི་ཕྱོགས་ཚོང་དོན་གྱི“འགག་གནད”སེལ་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་ལྷ་ས་འགག་སྒོ་ལས་ཁུངས་དབར་མཉམ་ལས་དྲན་ཐོར་མིང་རྟགས་བཀོད་ནས་མཉམ་ལས་དམ་ཟབ་ཀྱི་ལས་ཀའི་ལམ་སྲོལ་བཙུགས་ཏེ། ལྷ་སའི་ཕྱི་ཕྱོགས་ཚོང་དོན་སྤུས་འབྲས་ལེགས་གཉེར་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་ཁག་15མཉམ་འབྲེལ་ཐོག་བཏོན་ནས་ཕྱི་ཕྱོགས་ཚོང་དོན་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ་རེད།

མཉམ་ལས་དྲན་ཐོར་གཞིགས་ན། ཕྱོགས་གཉིས་པོས་སྔར་བས་དམ་ཟབ་དང་བརྟན་པའི་མཉམ་ལས་ཀྱི་འབྲེལ་བ་འཛུགས་པ་དང་ཕྱི་ཕྱོགས་ཚོང་དོན་གསར་གཏོད་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་དང་།

(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ། ལྷ་ས་གྲོང་ཁྱེར་གྱི“ལྔ་ལྡན་གྲོང་ཁྱེར”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ལྷ་ས་འགག་སྒོའི“མཐོ་ས་གསུམ”འཛུགས་པ་སོགས་ཀྱི་མཉམ་ལས་གཏིང་ཟབ་བྱེད་པ་དང་། ཆ་འཕྲིན་མཉམ་སྤྱོད་དང་ལེགས་ཆའི་ཐོན་ཁུངས་གསབ་རེས་ལ་ཤུགས་སྣོན་རྒྱག་པ། ཁེ་ལས་ཀྱིས་ནེ་པ་ལ་སོགས“རྒྱུད་གཅིག་ལམ་གཅིག”གི་ཨེ་ཤེ་ཡ་ལྷོ་མའི་ལམ་རྒྱུད་ཁྲོམ་ར་འབྱེད་རྒྱུར་ཁྲིད་སྟོན། ལྷ་སའི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་འཕེལ་རྒྱས་ལ་རྒྱབ་སྐྱོར། རྒྱལ་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་ཕྱོགས་བསྡུས་ཚོད་ལྟ་ཁུལ་འཛུགས་སྐྲུན་ལ་རམ་འདེགས། “ཆེད་ཞིབ་ཁྱད་གསར་བཞིའི”ཁེ་ལས་ཀྱི་མཐོ་རིམ་བདེན་དཔང་ར་སྤྲོད་གསོ་སྐྱོང་ལ་ཤུགས་སྣོན་རྒྱག་པ། “ས་ཁུལ་དང་འགག་སྒོ་མཉམ་འགུལ”དང“ཕྱིར་གཏོང་ཤར་བགྲོད”ཀྱི་ལྟ་འདོམས་བྱེད་སྟངས་ལག་བསྟར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། ལྷ་སའི་ཕྱི་ཕྱོགས་སྒོ་དབྱེའི་ཆུ་ཚད་ཐུན་མོང་ཐོག་མཐོ་རུ་གཏོང་རྒྱུ་རེད།

ད་ཐེངས་བྱེད་ཐབས་ཁག་15བཏོན་པ་དེར་རང་སྐྱོང་ལྗོངས་ཀྱི་ཕྱི་ཕྱོགས་ཚོང་དོན་ཁེ་ལས་ཀྱི་དགའ་བསུ་ཡོངས་ཁྱབ་ངང་ཐོབ་ཡོད། བོད་ལྗོངས་ནོར་འཛོམས་བལ་དང་ར་ཁུལ་ལས་རིགས་ཚད་ཡོད་ཀུང་སིའི་ལས་སྒོའི་འགན་འཁུར་བ་བསོད་ནམས་དཔལ་འབྱོར་གྱིས“བྱེད་ཐབས་ཁག་15བཏོན་པ་ལས་ང་ཚོའི་སེམས་ཤུགས་འཕེལ་སོང་། གོམ་སྟབས་རྗེས་མར་ཀུང་སིས་སྲིད་ཇུས་དེའི་ལེགས་ཆ་བེད་སྤྱད་དེ་རང་ངོས་ཀྱི་འགྲན་རྩོད་ནུས་པ་ཆེ་རུ་བཏང་ནས། བོད་ཀྱི་བལ་དང་ཁུ་ལུའི་ཐོན་རྫས་རྒྱལ་ཁབ་དང་ས་ཁུལ་དེ་བས་མང་བར་ཕྱིར་ཚོང་བྱེད་ཀྱི་ཡིན”ཞེས་བཤད་པ་རེད།

(ལྷག་ཚེ་དང་པ་ཕན་གྱིས་སྒྱུར་ཞུས་བྱས)