འདི་ནི་བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་གི་སྒྲོན་ལགས་ཀྱིས་བོད་རུམ་འཐག་བཞིན་པ།
འདི་ནི་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་དགོན་ལུང་ཧོར་རིགས་རང་སྐྱོང་རྫོང་གི་ཧུའུ་ལན་སུའོ་ཁ་ཡིས་ཧོར་རིགས་ཀྱི་ཕར་ཆིན་རྒྱག་བཞིན་པ།
འདི་ནི་ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ལིའུ་ཀྲོའུ་གྲོང་ཁྱེར་གྱི་ཝེ་ཆིང་ཧྭ་ཡིས་ཏུང་རིགས་ཀྱི་ཕར་ཆིན་རྒྱག་བཞིན་པ།
འདི་ནི་ཡུན་ནན་ཞིང་ཆེན་ཁྲུའུ་ཞུང་དབྱིས་རིགས་རང་སྐྱོང་ཀྲོའུ་ནན་ཧྭ་རྫོང་གི་ཏིང་ལན་དབྱིང་གིས་དབྱིས་རིགས་ཀྱི་ཕར་ཆིན་རྒྱག་བཞིན་པ།
འདི་ནི་ཧེ་ལུང་ཅང་ཞིང་ཆེན་ཧེ་ཧོ་གྲོང་ཁྱེར་གྱི་ཝང་ཁྲུན་གཡན་གྱིས་ཉ་གཟུགས་ཕར་ཆིན་རྒྱག་བཞིན་པ།
ཉེ་ཆར། རྒྱལ་ཡོངས་ཀྱི་གྲོང་གསེབ་དར་རྒྱས་ཀྱི་ལས་རིགས་རྩལ་ནུས་འགྲན་བསྡུར་ཆེ་མོ་སྐབས་གཉིས་པ་ཀུའེ་ཀྲོའུ་ཞིང་ཆེན་ཀུའེ་དབྱང་གྲོང་ཁྱེར་དུ་འགོ་ཚུགས་པ་རེད། འགྲན་བསྡུར་ཆེ་མོའི་རིང་རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་ཕར་ཆིན་ལག་ཤེས་པ་དང་བསླས་འཐག་ལག་ཤེས་པ་52མཉམ་དུ་འཛོམས་ཏེ་ལྟད་མོ་བར་ངོ་མཚར་ཆེ་བའི་མངོན་མིན་རིག་གནས་ཤུལ་བཞག་གི་ལག་ཤེས་དང་རྩལ་ནུས་ངོམ་ཡོད།