ཟླ་5ཚེས་19ཉིན་རིག་གནས་དང་ཡུལ་སྐོར་པུའུ་དང་རྒྱལ་ཁབ་ལྕགས་ལམ་ཚོགས་པས་མཛུབ་ཁྲིད་བྱས་པ་དང་ཀྲུང་གུང་ལྷ་ས་གྲོང་ཨུད་དང་། ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་། པེ་ཅིང་བོད་སྐྱོར་བཀོད་འདོམས་པུའུ། ཀྲུང་གོ་ལྕགས་ལམ་པེ་ཅིང་ཅུས་ཚོགས་པ་ཚད་ཡོད་ཀུང་སི་བཅས་ཀྱིས་གཙོ་གཉེར་བྱས་པའི“གཅིག་སེམས་གཅིག་སྦྲེལ། ཅིང་བོད་རྟགས་ཅན”ཡུལ་སྐོར་ཆེད་གཏོང་མེ་འཁོར་པེ་ཅིང་ནས་ཐོན་འགོ་ཚུགས་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་བཏང་བའི“གཅིག་སེམས་གཅིག་སྦྲེལ། ཅིང་བོད་རྟགས་ཅན”ཡུལ་སྐོར་ཆེད་གཏོང་མེ་འཁོར་2024ལོར་གཏོང་ཐེངས་དང་པོ་ཡིན་ཞིང་། མེ་འཁོར་ནང་སྨན་དོན་མི་སྣ་དང་གསོ་རླུང་སོགས་བཀོད་སྒྲིག་བྱས་ཡོད་ལ། ལམ་བར་དུ་མཚོ་བོད་ས་མཐོའི་ཡུལ་ལྗོངས་ལ་ལྟ་ཐུབ་ཀྱི་ཡོད་པ་རེད། འདི་ནི་ཡུལ་སྐོར་བས་བབས་ཚུགས་སུ་དྲན་རྟེན་པར་རྒྱག་བཞིན་པ།