ཟླ་5ཚེས་17ཉིན། ཀྲུང་ཨུའི་དངོས་མང་སྟོན་ཚོགས་སྐབས་བརྒྱད་པའི་རིག་རྩལ་འཁྲབ་སྟོན་དང་ཧེ་ལུང་ཅང་ཞིང་ཆེན་གྱི་ཀྲུང་ཨུའི་ས་གནས་རིག་གནས་སྒྱུ་རྩལ་དུས་ཚིགས་སྐབས་གཉིས་པའི་འགོ་ཚུགས་མཛད་སྒོ་ཧའར་པིན་ཟློས་གར་ཁང་ཆེན་དུ་འཚོགས་ཤིང་། ཀྲུང་ཨུའི་སྒྱུ་རྩལ་མཁས་ཅན་གྱིས་མཉམ་དུ་འཁྲབ་སྟོན་དང་། མཉམ་འདྲེས་འཁྲབ་སྟོན། ཕན་ཚུན་འཁྲབ་སྟོན་སོགས་ཀྱི་རྣམ་པའི་ཐོག་ནས་གླུ་གཞས་དང་། ཞབས་བྲོ། ཟློས་གར། རྩལ་རྩེད། རོལ་ཆ་སོགས་སྒྱུ་རྩལ་གྱི་རྣམ་པ་སྣ་ཚོགས་མངོན་པར་བྱས་ཡོད།
འདི་ནི་འཁྲབ་སྟོན་མི་སྣས་ཀྲུང་ཨུའི་དངོས་མང་སྟོན་ཚོགས་སྐབས་བརྒྱད་པའི་རིག་རྩལ་འཁྲབ་སྟོན་བྱ་ཡུལ་དུ་འཁྲབ་སྟོན་བྱེད་བཞིན་པ།