《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月20日

བོད་ལྗོངས་ཆུ་བེད་ཁྱབ་ཁོངས་ཀྱི་རྒྱལ་བུན་འཕར་འགྲེམ་གྱི་རྣམ་གྲངས་ཚང་མ་ལས་འགོ་བསྐྱར་དུ་ཚུགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། གངས་ཁྲོ་ཆུ་མཛོད་ཀྱི་ལས་འགོ་ཚུགས་པའི་མཛད་སྒོ་གཞིས་རྩེ་གྲོང་ཁྱེར་དུ་འཚོགས་པ་དེ་ཐོག་ནས་རྒྱལ་ཁབ་ཀྱིས་ཞིབ་མཆན་བཀོད་པའི་རང་ལྗོངས་ཀྱི་རྒྱལ་བུན་འཕར་འགྲེམ་གྱི་ཆུ་བེད་རྣམ་གྲངས་ཁག་52ཚང་མ་ལས་འགོ་བསྐྱར་དུ་ཚུགས་པ་མཚོན་ཞིང་། རྒྱལ་ཁབ་ཀྱིས་རྒྱལ་བུན་འཕར་འགྲེམ་བྱེད་པའི་རྣམ་གྲངས་ལས་འགོ་ལས་འགོ་བསྐྱར་ཚུགས་ཀྱི་དམིགས་ཚད་དང་བླང་བྱ་སྔ་སྣུར་དུ་མངོན་འགྱུར་བྱུང་ཡོད།

(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད)

ཤེས་རྟོགས་བྱུང་བར་གཞིགས་ན། ན་ནིང་ཟླ་10པར་ཀྲུང་དབྱང་ནོར་སྲིད་ཀྱིས་ན་ནིང་དུས་ཚིགས་བཞི་པར་རྒྱལ་བུན་སྒོར་དུང་ཕྱུར་ཁྲི་1འཕར་འགྲེམ་བྱས་ནས་གནོད་འཚེའི་རྗེས་ཀྱི་བསྐྱར་སྐྲུན་དང་གནོད་འཚེ་སྔོན་འགོག་ཉུང་གཏོང་དང་གེགས་སེལ་གྱི་ནུས་པ་ཆེ་རུ་གཏོང་བའི་རྣམ་གྲངས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱ་རྒྱུའི་གཏན་འབེབས་བྱས་ཡོད། བོད་ཀྱིས་རྒྱལ་བུན་འཕར་འགྲེམ་ཁག་དང་པོའི་ཆུ་བེད་རྣམ་གྲངས་ཁག་52དོན་འཁྱོལ་བྱས་པ་དང་བསྡོམས་འབོར་སྒོར་དུང་ཕྱུར་21.43བཏང་བའི་ནང་། མུ་མཐུད་དུ་འཛུགས་སྐྲུན་བྱེད་པའི་རྣམ་གྲངས་7དང་གསར་སྐྲུན་རྣམ་གྲངས་45ཚུད་ཡོད། མིག་སྔའི་བར་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་5.83བཏང་བ་དང་མ་དངུལ་བཏང་ཚད་27%ཟིན་ཡོད།

འདི་ལོ་ནས་བཟུང་། རང་སྐྱོང་ལྗོངས་ཆུ་བེད་ཐིང་གིས་རྒྱལ་བུན་འཕར་འགྲེམ་གྱི་ཆུ་བེད་རྣམ་གྲངས་བསྐྲུན་རྒྱུ་དེ་ལོ་འཁོར་གྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་ལས་དོན་ཆེད་སྒྲུབ་ཚོགས་ཆུང་འཛུགས་པ་དང་། འགོ་ཁྲིད་ཀྱིས་ཆ་བགོས་འགན་ལེན་བྱེད་པ། རང་སྐྱོང་ལྗོངས་ནོར་སྲིད་ཐིང་དང་འཕེལ་སྒྱུར་ཨུ་ལྷན་དང་མཉམ་དུ་རྒྱལ་བུན་རྣམ་གྲངས་འབྲེལ་གཏུག་མཐུན་སྦྱོར་ལམ་སྲོལ་འཛུགས་པ། “གཟའ་འཁོར་རེར་བཀོད་གཏོང་དང་ཟླ་རེར་བརྡ་ཁྱབ་གཏོང་བའི”ལས་དོན་སྐུལ་འདེད་ལམ་སྲོལ་སྤྱོད་པ། ལས་ཀའི་འཕེལ་རིམ་རྗེས་ལུས་ཀྱི་རྣམ་གྲངས་ལ་ཆེད་དམིགས་ལྟ་སྐུལ་སྒྲུབ་གཉེར་བྱེད་པ། དུས་ཐོག་ཏུ་འགག་གནད་དང་དཀའ་གནད་མཐུན་སྦྱོར་ཐག་གཅོད་བཅས་བྱས་ཏེ། རྒྱལ་བུན་འཕར་འགྲེམ་གྱི་ཆུ་བེད་རྣམ་གྲངས་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད།

(ཚེ་ཁོས་བསྒྱུར། རིག་རྡོར་དང་ཚེ་ཁོས་ཞུས)