《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2024年05月20日

ཀྲུང་ཧྲན་གྲོང་ཁྱེར་གྱིས་བོད་སྐྱོར་རྣམ་གྲངས་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་5ཙམ་བཏང་བ།

སྤུས་ཚད་མཐོ་བའི་བོད་སྐྱོར་རྣམ་གྲངས་ལས་ཀོང་པོ་རྒྱ་མདའ་རྫོང་གི་རང་རྐྱ་འཕེར་ནུས་ཆེ་རུ་ཕྱིན་པ།

འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པས་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་ནས་ཤེས་རྟོགས་བྱས་པར། 2016ལོར་ཀོང་ཏུང་ཞིང་ཆེན་ཀྲུང་ཧྲན་གྲོང་ཁྱེར་གྱིས་ཀོང་པོ་རྒྱ་མདའ་རྫོང་ལ་ཁ་གཏད་རོགས་སྐྱོར་བྱས་པ་ནས་བཟུང་། རྣམ་གྲངས་བོད་སྐྱོར་དང་ཐོན་ལས་བོད་སྐྱོར་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་མིག་སྔའི་བར་འཆར་འགོད་ནང་གི་བོད་སྐྱོར་རྣམ་གྲངས་ཁག་63ལེགས་གྲུབ་ཟིན་པ་དང་མ་དངུལ་སྒོར་དུང་ཕྱུར་4.1བཏང་བ་དང་། འཆར་འགོད་ནང་མེད་པའི་བོད་སྐྱོར་རྣམ་གྲངས་ཁག་121ལེགས་གྲུབ་ཟིན་པ་དང་མ་དངུལ་སྒོར་ཁྲི་7902.8བཏང་ཡོད། བོད་སྐྱོར་རྣམ་གྲངས་ཀྱི་80%ཡན་རྨང་གཞིའི་སྒྲིག་བཀོད་དང་དམངས་འཚོའི་ཁྱབ་ཁོངས་སུ་བཏང་ནས་ཀོང་པོ་རྒྱ་མདའ་རྫོང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྒྱུར་བཅོས་སྒོ་དབྱེ་སྔོན་བསྟར་སྤུས་འབྲས་ལེགས་གཉེར་ཡོང་བར་སྐུལ་འདེད་ནུས་ལྡན་བཏང་ཡོད།

ཀྲུང་ཧྲན་གྲོང་ཁྱེར་གྱིས་སྦྲེལ་མཐུད་བརྟན་པོ་ཡོང་བར་དམིགས་ཏེ། རྣམ་གྲངས་དོན་འཁྱོལ་ལ་བརྟེན་ནས་ཀོང་པོ་རྒྱ་དམའ་རྫོང་གི་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཡོད། 2016ལོ་ནས་ད་བར་ཀྲུང་ཧྲན་གྲོང་ཁྱེར་གྱི་གྲོང་རྡལ་དང་ཆུས་9དང་འགན་ནུས་སྡེ་ཚན་ཁག་གིས་བོད་སྐྱོར་མ་དངུལ་སྒོར་ཁྲི་1718.98ལྷག་ཙམ་བཏང་ནས་ཐོན་ལས་དང་དམངས་འཚོའི་རྣམ་གྲངས་རིགས་ཁག་65ལ་རྒྱབ་སྐྱོར་བྱས་ཡོད། ཁུག་ཆེན་ཁུལ་གྱི་ཁྲོམ་ར་ཆེན་པོར་བརྟེན་ནས་བེ་ཤ་དང་། ནས། བོད་ཕག་བཅས་ཀྱི་མུ་འབྲེལ་ཐོན་རྫས་གསར་སྤེལ་བྱེད་པ་དང་། ཀོ་ཤ་འདེབས་འཛུགས་སོགས་ཐོན་ལས་སྣེ་ཁྲིད་རྣམ་གྲངས་ཁག་8འཛུགས་སྐྲུན་བྱ་རྩིས་བྱེད་པ། (པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) དངོས་མང་སྟོན་ཚོགས་སྣ་ཚོགས་དང་ཀྲུང་ཧྲན་གྲོང་ཁྱེར་གྱི་དངོས་གཞིའི་ཕྱིར་ཚོང་ལས་སྟེགས་2ནང་ཞུགས་པ་བཅས་བྱས་ཏེ། ཁྱོན་བསྡོམས་བོད་ཕག་དང་བེ་ཤ་ཕྱིར་ཚོང་བྱེད་ཚད་སྒོར་ཁྲི་7400ལྷག་ཙམ་ཟིན་ཡོད། མ་དངུལ་བསྡུ་སྒྲིལ་བྱས་ནས་ཞོ་ཁ་དང་དཔུང་དཀར་སོགས་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་12བསྐྲུན་པ་དང་། ཉང་ཕུ་ཤང་གི་གླང་རུ་གྲོང་ཚོ་དང་། རྒྱ་མདའ་ཤང་གི་སྨོན་སྐྱིད་གྲོང་ཚོའི་གྲོང་གསེབ་དར་རྒྱས་ཀྱི་དཔེ་སྟོན་གྲོང་ཚོ་སོགས་ཀྱི་རྣམ་གྲངས་བསྐྲུན་པ། གྲོང་ཚོའི་ལམ་སྤྱི་ལེ་100ཙམ་མཁྲེགས་ལམ་ལ་བསྒྱུར་བ། ཆུ་འབུད་གཏོང་ལས་གྲྭ་སྤྱི་ལེ་17.5བསྐྲུན་པ། གསང་སྤྱོད་138བསྐྲུན་པ། ཕྱུགས་ར་སྨི་ངོས་གྲུ་1800བསྐྲུན་པ། གད་སྙིགས་ཚུར་བསྡུ་དང་ཆུ་སྙིགས་དྭངས་གསིང་ས་ཚིགས་9བསྐྲུན་པ། གྲོང་རྡལ་གྱི་རྨང་གཞིའི་སྒྲིག་བཀོད་2བསྐྲུན་པ། སློབ་ཁྲིད་ཐོག་ཁང་2བསྐྲུན་པ། ཐོན་ལས་ཀྱི་ལྷན་སྦྱར་རྣམ་གྲངས་7བསྐྲུན་པ་བཅས་བྱས་པ་བརྒྱུད། ས་བབ་མཐོ་བའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཁོར་ཡུག་རྒྱུན་མཐུད་ལེགས་སུ་བཏང་ཡོད།

དེ་དང་ཆབས་ཅིག་ཀོང་པོ་རྒྱ་མདའ་རྫོང་གི་ཐོན་ལས་འཕེལ་རྒྱས་ཀྱི་གནས་བབ་དང་ཟུང་འབྲེལ་བྱས་ཏེ་ཀྲུང་ཧྲན་གྲོང་ཁྱེར་གྱིས་བྲག་གསུམ་མཚོའི་མཛེས་ལྗོངས་ཁུལ་དང་། འབྲུག་ལ་གཙང་པོའི་རྒྱལ་ཁབ་འདམ་རའི་སྤྱི་གླིང་། བྱེ་པ་གྲོང་ཚོའི་མཛེས་སྡུག་ལྡན་པའི་གྲོང་གསེབ་དང་ཞིང་སྡེའི་ཕྱོགས་བསྡུས་སྒྲིག་གཞི་སོགས་ཡུལ་སྐོར་གྱི་ལྷན་སྦྱར་སྒྲིག་བཀོད་འཛུགས་སྐྲུན་ལ་ཧུར་ཐག་ཞུགས་ནས་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། ཆུ་ཐོན་སྔོ་ཚལ་ཐོན་སྐྱེད་སྒྲིག་ཆས་ནང་འདྲེན་བྱས་ནས་དཔེ་སྟོན་རང་བཞིན་གྱི་འདེབས་འཛུགས་བྱས་ཏེ་སྔོ་ཚལ་ཚོད་འདེབས་ཐེངས་དང་པོ་ལེགས་གྲུབ་བྱུང་བ། སྣམ་བུའི་མཉམ་ལས་ཁང་6སྒྲིག་འཛུགས་བྱས་ནས་ཀྲུང་ཧྲན་གྲོང་ཁྱེར་གྱི་ཕུལ་བྱུང་གྱོན་ཆས་ཁེ་ལས་སུ་ཐོན་སྐྱེད་ལག་རྩལ་སློབ་སྦྱོང་བྱེད་པར་བཏང་ཡོད། དེའི་རྨང་གཞིའི་ཐོག་འཛད་སྤྱོད་བོད་སྐྱོར་ལ་མུ་མཐུད་སྐུལ་འདེད་བཏང་ནས“7+2”འཛད་སྤྱོད་བོད་སྐྱོར་ལས་སྟེགས་ཀྱི་ཀྲུང་ཧྲན་ཚོང་ཁང་2020ལོར་བསྐྲུན་ནས་སྤྱོད་འགོ་ཚུགས་པ་དང་ཀྲུང་ཧྲན་གྲོང་ཁྱེར་གྱི་2021ལོའི་འཛད་སྤྱོད་རོགས་སྐྱོར་ཆེད་ཚོང་ཁང་གི་གཙོ་གཟུགས་འཛུགས་སྐྲུན་མིང་གཞུང་ནང་བཅུག་ནས་ཁྱོན་བསྡོམས་སྒོར་ཁྲི་600ལྷག་ཙམ་རི་བའི་ཐོན་རྫས་ཕྱིར་ཚོང་ཐུབ་ཡོད།

གཞན་ཡང་། སྨན་བཅོས་ཁྱབ་ཁོངས་ཀྱི་དམངས་འཚོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་དམིགས་ནས་ཀྲུང་ཧྲན་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་གིས་ཀོང་ཏུང་ཞིང་ཆེན་དང་ཀྲུང་ཧྲན་གྲོང་ཁྱེར་གྱི་སྒོར་ཁྲི་7000ཟིན་པའི་རྒྱབ་སྐྱོར་མ་དངུལ་བརྩོན་ལེན་བྱས་ཏེ་ཀོང་པོ་རྒྱ་མདའ་རྫོང་མི་དམངས་སྨན་ཁང་ཧྲིལ་པོ་གནས་སྤོའི་རྣམ་གྲངས་འཛུགས་སྐྲུན་ལ་རམ་འདེགས་བྱས་ཡོད། སྨན་ཁང་དེ་བསྐྲུན་ཟིན་རྗེས་ཉིང་ཁྲི་གྲོང་ཁྱེར་ཁོངས་གཏོགས་ཀྱི་ནུས་པ་ཆ་ཚང་ཤོས་དང་ནད་ཁྲི་མང་ཤོས་ཀྱི་རྫོང་རིམ་པའི་སྨན་ཁང་དུ་གྱུར་ནས་ཀོང་པོ་རྒྱ་མདའ་རྫོང་གི་སྨན་བཅོས་ཞབས་ཞུའི་ནུས་པ་བརྟན་པོའི་ངང་ཆེ་རུ་འགྲོ་རྒྱུར་སྐུལ་མ་ཐེབས་རྒྱུ་རེད།

(ལྷ་དབང་དང་སྐལ་མཆོག་གིས་སྒྱུར་ཞུས་བྱས)