《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月18日

རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས།

ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཆེད་དོན་ཟུར་ཁྲིད་ཀྱི་འཆད་ཁྲིད་བྱས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་5ཚེས་16ཉིན་གནས་ཚུལ་འབྱོར་གསལ། ཚེས་15ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཆེད་དོན་ཟུར་ཁྲིད་ཀྱི་འཆད་ཁྲིད་བྱས་ཤིང་། རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱོད་གཞི་ཞིབ་གཅོད་ཁང་གི་ཀྲུའུ་རེན་ཡའོ་ཁོ་ཀྲུའུ་གདན་དྲངས་ནས། གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》ལ་དམིགས་ནས་ཆེད་དོན་འཆད་ཁྲིད་བྱས་པ་རེད།

ཡའོ་ཁོ་ཀྲུའུ་ཡིས《སྲོལ་ཡིག》གི་ཁྱད་ཆོས་གཙོ་བོ་དང་།《སྲོལ་ཡིག》གི་ནང་དོན་གཙོ་བོ། 《སྲོལ་ཡིག》སློབ་སྦྱོང་དང་ལག་བསྟར་གྱི་ངོས་འཛིན་དང་མྱོང་ཚོར་བཅས་ཕྱོགས་གསུམ་ནས། གསོན་ཉམས་དོད་པའི་སྐད་ཆ་དང་ཞིབ་བདེན་གྱི་གྱོད་དཔེ་དྲངས་ཏེ《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》དོན་ཟབ་གོ་སླའི་ངང་གསལ་འགྲེལ་བྱས་པ་རེད།

ཚོགས་ཞུགས་མི་སྣས། ལས་བྱེད་པའི་གསོ་སྦྱོང་དང་།“ཚོགས་གསུམ་སློབ་གཅིག” ཆེད་དོན་དཔེ་ཀློག་འཛིན་གྲྭ་སོགས་རྣམ་པ་སྣ་ཚོགས་བརྒྱུད། 《སྲོལ་ཡིག》གི་ནང་དོན་སློབ་སྦྱོང་ནན་ཏན་དང་། ཏང་གི་སྒྲིག་ཁྲིམས་ཐད་ཀྱི་རང་ངོས་ཀྱི་གནད་དོན་དང་མི་འདང་ས་གསེད་བཀྲོལ་ནན་ཏན་བྱས་ནས། སྒྲིག་ཁྲིམས་ནན་པོར་གཞིགས་ཏེ་འགན་འཁྲི་གཙང་སྒྲུབ་ཀྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཕན་འབྲས་རང་སྐྱོང་ལྗོངས་སྲིད་གྲོས་དང་སྲིད་གྲོས་ཨུ་ཡོན་ཚོས་འགན་འཁྲི་སྒྲུབ་པར་ཞབས་འདེགས་དང་འགན་ལེན་བྱེད་པའི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ནས་མངོན་པར་བྱེད་ཀྱི་ཡིན་ཞེས་བཤད་པ་རེད།