ཉེ་ཆར་གྲ་ནང་རྫོང་ལྟེ་བའི་སྨན་ཁང་ཕྱི་བཅོས་ཚན་ཁག་གི་གཤགས་བཅོས་ཚོགས་པས་ཀྲུའུ་ཀྲོའུ་གྲོང་ཁྱེར་གྱི་སྨན་བཅོས་བོད་སྐྱོར་རིགས་གཅིག་མཁས་ཅན་ཧོང་མེ་ཆོན་གྱི་སྣེ་ཁྲིད་འོག་ལག་ངར་ཆག་པའི་ནད་པར་གཤགས་བཅོས་བྱས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་གཤགས་བཅོས་དེས་གྲ་ནང་རྫོང་ལྟེ་བའི་སྨན་ཁང་གི་རུས་ནད་ཚན་ཁག་ཁྱབ་ཁོངས་ཀྱི་ལག་རྩལ་གྱི་སྟོང་ཆ་བསྐངས་ཡོད། དེ་ལས་སྨན་ཁང་དེའི་རུས་ནད་ཚན་ཁག་གི་གསོ་རིག་ཁྱབ་ཁོངས་འཕེལ་རྒྱས་ཐད་གོམ་སྟབས་གསར་པ་སྤོས་པ་དང་། ཚན་ཁག་གི་འཕེལ་རྒྱས་འགོ་ཡག་པོ་ཞིག་བཙུགས་ཐུབ་པ་མཚོན་ཡོད་ཅིང་། འདི་ནི་ཀྲུའུ་ཀྲོའུ་གྲོང་ཁྱེར་གྱི་སྨན་བཅོས་བོད་སྐྱོར་རིགས་གཅིག་མཁས་ཅན་ཧོང་མེ་ཆོན་གྱི་སྣེ་ཁྲིད་འོག་གྲ་ནང་རྫོང་ལྟེ་བའི་སྨན་ཁང་གི་ཕྱི་བཅོས་ཚན་ཁག་གི་གཤགས་བཅོས་ཚོགས་པས་ནད་པར་གཤགས་བཅོས་བྱེད་བཞིན་པ།