འདི་ག་ཚགས་པར་ཁང་དུ་རྩེད་ཐང་ནས་གློག་འཕྲིན་འབྱོར་གསལ། འདི་ལོ་ཚུན། ལྷོ་ཁ་གྲོང་ཁྱེར་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཨུ་ལྷན་གཞུང་ལས་ཁང་གིས་བཟའ་བཅའ་ཐོན་སྐྱེད་ཀྱི་གཉེར་སྐྱོང་བྱེད་པོའི་བྱ་དགའ་ཆད་གཅོད་ཀྱི་དོ་དམ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། ཁ་དན་ཚིག་གནས་རིགས་ལ་ལྕག་སྐུལ་དང་ཡིད་རྟོན་མེད་རིགས་ལ་བསླབ་སྡོམ་བྱེད་པར་ཤུགས་སྣོན་བརྒྱབ་སྟེ། ལྷོ་ཁ་གྲོང་ཁྱེར་གྱི་བཟའ་བཅའ་བདེ་འཇགས་ཀྱི་སྤྱི་ཡོངས་ཀྱི་ཆུ་ཚད་མཐོ་རུ་བཏང་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ལྷོ་ཁ་གྲོང་ཁྱེར་གྱི་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཨུ་ལྷན་གཞུང་ལས་ཁང་གིས《ལྷོ་ཁ་གྲོང་ཁྱེར་གྱི་བཟའ་བཅའ་ཐོན་སྐྱེད་ཀྱི་གཉེར་སྐྱོང་བྱེད་པོའི་བཟའ་བཅའི་བདེ་འཇགས་ཀྱི་བྱ་དགའ་ཆད་གཅོད་ཀྱི་་དོ་དམ་ལམ་ལུགས(ཚོད་ལྟའི་ལག་བསྟར)ཀྱི་བརྡ་ཐོ》བཟོས་ནས་བཀྲམ་སྟེ། བཟའ་བཅའ་ཐོན་སྐྱེད་ཀྱི་གཉེར་སྐྱོང་བྱེད་པོའི་བཟའ་བཅའ་བདེ་འཇགས་ཀྱི་བྱ་དགའ་ཆད་གཅོད་ཀྱི་ཞིབ་དཔྱད་གཏན་འཁེལ་དང་ཡོངས་བསྒྲགས་ཀྱི་ཚད་གཞི་དང་བླང་བྱ་སོགས་ཁ་གསལ་བཟོས་ཡོད། བཟའ་བཅའ་གཉེར་སྐྱོང་བྱ་ཡུལ་གྱི་སྒྲིག་བཀོད་སྒྲིག་ཆས་དང་། ཁོར་ཡུག་འཕྲོད་བསྟེན་གཙང་སྦྲ། བཟའ་བཅའ་རྗེན་པ་དང་བཙོས་མ་དབྱེ་ནས་འཇོག་ཁུལ། ལས་དོན་པའི་གཟུགས་པོའི་བདེ་ཐང་གནས་ཚུལ། བཟའ་འཐུང་ཡོ་བྱད་ཀྱི་གཙང་སྦྲ་དང་དུག་སེལ། མ་བཅོས་རྒྱུ་ཆ་ཚོད་འཛིན(བཟའ་བཅའི་སྦྱོར་རྟ་ཚུད་པ)བཟའ་བཏུང་འཕྲོ་བརླག་ལ་ངོ་རྒོལ་སོགས་ཀྱི་གནས་ཚུལ་ལ་དམིགས་ནས་བྱ་དགའ་ཆད་གཅོད་ཀྱི་སྐར་གྲངས་དཔྱད་བསྡུར་གྱི་ཚད་གཞི་བཟོས་ཡོད་པ་རེད།
དེ་དང་ཆབས་ཅིག་ ལྷོ་ཁ་གྲོང་ཁྱེར་གྱི་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཨུ་ལྷན་གཞུང་དོན་ཁང་གིས་དྲ་རྒྱའི་ལས་སྟེགས་ཐོག་ཟ་ཁང་གནས་ཡུལ་དང་། ཟ་ཁང་གི་མིང་། ཟ་ཁང་གི་ཚོང་གཉེར་ཁོར་ཡུག ཐབ་ཚང་གི་གཙང་སྦྲ་སོགས་ཀྱི་དངོས་ཡོད་གནས་ཚུལ་ཡོངས་བསྒྲགས་བྱས་ཡོད། ཁྲིམས་སྲུང་གཉེར་སྐྱོང་མཁན་དྲིལ་བསྒྲགས་དང་ཁྲིམས་འགལ་གཉེར་སྐྱོང་མཁན་དམར་འདོན་བྱེད་ཤུགས་ཆེ་རུ་བཏང་ནས། ཁྲིམས་སྲུང་མཁན་ལ་ཕན་པ་ཐོབ་པ་དང་ཁྲིམས་འགལ་བར་ཆད་པ་གཅོད་པའི་ལྕག་སྐུལ་གཅུན་སྡོམ་ལམ་སྲོལ་ཆགས་པར་བྱས་ཡོད། སྤྱི་ཚོགས་ཀྱི་གླེང་ཕྱོགས་ལ་ལྟ་སྐུལ་བྱས་ཏེ་ལས་དོན་པའི་བདེ་འཇགས་བྱེད་པོའི་འགན་འཁྲིའི་འདུ་ཤེས་ཟབ་ཏུ་བཏང་ཡོད་པ་རེད།