འདི་ག་ཚགས་པར་ཁང་དུ་ཆུ་གསུམ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཆུ་གསུམ་རྫོང་བོད་སྐད་ཨུད་གཞུང་དོན་ཁང(རྩོམ་སྒྱུར་ཅུས)གིས“བོད་སྐད་ཡིག་སློབ་སྦྱོང་ནི་སྔོན་འགྲོའི་ཆ་རྐྱེན་དང་། བེད་སྤྱོད་ནི་ལྟེ་བ། འཕེལ་རྒྱས་གཏོང་བ་ནི་སྲོག་རྩ་བཅས་ཡིན་པའི”བརྗོད་དོན་གཙོ་བོའི་བོད་སྐད་ཡིག་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་བ་རེད།
བྱེད་སྒོ་སྤེལ་རིང་། རྫོང་གྲོང་གི་ལྟེ་གནས་སུ་དྲིལ་བསྒྲགས་ས་ཚིགས་འཛུགས་པ་དང་། འཕྲེད་འགེལ་སྦྱར་ཡིག་བཀལ་བ། དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ་སོགས་ཀྱི་བྱ་ཐབས་བརྒྱུད《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》དང་། 《ཀྲུང་ཧྭ་མི་རིགས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས》《བོད་རང་སྐྱོང་ལྗོངས་ཀྱི་བོད་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་གྱི་གཏན་འབེབས》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་གཙོ་གནད་ཐོག་དྲིལ་བསྒྲགས་བྱས་ཡོད། དེ་དང་ཆབས་ཅིག་ས་གནས་ས་ཐོག་ཏུ་རྒྱ་བོད་ཤན་སྦྱར་གྱི་རྒྱུན་སྤྱོད་སྐད་ཆ་སློབ་སྦྱོང་ལག་དེབ་སྤྲད་དེ་མང་ཚོགས་ལ་སྤྱི་ཚོགས་སྤྱོད་ཡིག་ལ་ལྟ་སྐུལ་ཐེར་འདོན་ཁ་པར་ཁྱབ་བསྒྲགས་བྱས་པ་མ་ཟད། “ཞེ་ས་རྒྱག་པ”དང་། “རྨང་གཞིའི་ལན་འདེབས་པ”“བོད་ཡིག་སྦྱོར་ཀློག་རྒྱག་པ”སོགས་ཤེས་བྱའི་བྱ་དགའ་ཡོད་པའི་བྱེད་སྒོའང་སྤེལ་བ་རེད།