ཉེ་ཆར། 2024ལོའི་དཔྱིད་དུས་ཀྱི་བོད་ཀྱི་རྒྱན་ཆའི་རིགས་དང་སྒྱུ་རྩལ་ཐོན་རྫས་ཀྱི་དངོས་མང་སྟོན་ཚོགས་ལྷ་སར་འཚོགས་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་རྒྱན་ཆའི་རིགས་དང་སྒྱུ་རྩལ་ཐོན་རྫས་ཀྱི་ངོ་མཚར་མངོན་པར་བྱས་ཏེ་རིག་གནས་སྤེལ་རེས་དང་ཚོང་དོན་མཉམ་ལས་ལ་སྐུལ་འདེད་བཏང་བ་རེད།
ད་ཐེངས་ཀྱི་དངོས་མང་སྟོན་ཚོགས་ལ་རྒྱལ་ཡོངས་ས་གནས་ཁག་གི་རྒྱན་ཆའི་རིགས་ཚོང་མཁན་དང་། སྒྱུ་རྩལ་པ། ཉར་ཚགས་མཁན། མ་འཇོག་མཁན་བཅས་འདུས་ཡོད། འགྲེམས་སྟོན་ནང་ཕ་ལམ་དང་། མུ་ཏིག གཡང་ཊི་སོགས་རྒྱན་ཆའི་ཐོན་རྫས་རྩེ་གྲ་དང་། དེ་བཞིན་རི་མོ་དང་། འཇིམ་བརྐོས། ཐང་ག་སོགས་ཀྱི་སྒྱུ་རྩལ་ཐོན་རྫས་ཀྱང་ཡོད། འགྲེམས་རྫས་དེ་དག་ལས་བོད་ཀྱི་རྒྱན་ཆའི་རིགས་དང་སྒྱུ་རྩལ་ཐོན་རྫས་ཀྱི་རྩེར་སོན་ལག་རྩལ་མངོན་པར་མ་ཟད། ལོ་རྒྱུས་ཡུན་རིང་ལྡན་པའི་རིག་གནས་རྒྱུན་འཛིན་གང་ལེགས་ཐུབ་པའང་མཚོན་ཡོད།
↑འདི་ནི་དཔྱིད་དུས་ཀྱི་བོད་ཀྱི་རྒྱན་ཆའི་རིགས་དང་སྒྱུ་རྩལ་ཐོན་རྫས་ཀྱི་དངོས་མང་སྟོན་ཚོགས་འཚོག་ཡུལ་ཡིན་པ།
← འདི་ནི་འགྲེམས་སྟོན་ནང་ཞུགས་མཁན་ཚོང་པས་འཛད་སྤྱོད་པར་ཚོང་རྫས་ངོ་སྤྲོད་བྱེད་བཞིན་པ།