《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月17日

བདེ་སྐྱིད་འཚོ་བར་རོལ།

ཉེ་ཆར། ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་གི་ཞིང་འབྲོག་པའི་བོད་རུམ་རྩལ་ནུས་གསོ་སྦྱོང་མཇུག་འགྲིལ་ཞིང་། ད་ཐེངས་ཀྱི་གསོ་སྦྱོང་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་མི་སྤྱི་ཅུས་ཀྱིས་གཙོ་གཉེར་བྱས་པ་དང་ལྷོ་རོང་ཕྱོགས་བསྡུས་ལས་སྣོན་ཆེད་ལས་མཉམ་ལས་ཁང་གིས་གཉེར་བ་ཞིག་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་གསོ་སྦྱོང་དུས་ཐེངས་ཟླ་བ་དྲུག་ཡིན་པ་དང་ལྷོ་བྲག་གྲོང་རྡལ་སྐྱིད་སྟོད་སྡེ་ཁུལ་གྱི་ཚོགས་ཆུང་ལྔ་པ་དང་སེང་གེ་ཤང་དགེ་བཅུ་གྲོང་ཚོའི་ཚོགས་ཆུང་དང་པོའི་ཕྱིར་ལས་ཀར་སྐྱོད་མི་ཐུབ་པའི་ཞིང་འབྲོག་བུད་མེད་60ཞུགས་ཡོད་པ་རེད།

པར་①ནི་སེང་གེ་ཤང་དགེ་བཅུ་གྲོང་ཚོའི་པ་སངས(གཡོན)དང་ཀརྨ(གཡས)ཡིས་བཏགས་པའི་ཁ་གདན་བསྟན་བཞིན་པ།

པར་②བུད་མེད་ཚོས་ཁ་གདན་འཐག་སྟངས་སྦྱོང་བཞིན་པ།

པར་③དགེ་རྒན་ཆོས་ཉིད་ཀྱིས་སློབ་མར་བསླས་འཐག་སློབ་བཞིན་པ།