《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月17日

ལྗོངས་ཡོངས་ཀྱི་2024ལོའི་ས་ཆའི་གཙོ་རྒྱུ་འགན་ལེན་ལས་དོན་གྱི་གསོ་སྦྱོང་འཛིན་གྲྭ་གཉེར་འགོ་ཚུགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྗོངས་ཡོངས་ཀྱི་2024ལོའི་ས་ཆའི་གཙོ་རྒྱུ་འགན་ལེན་ལས་དོན་གྱི་གསོ་སྦྱོང་འཛིན་གྲྭ་ལྷ་སར་གཉེར་འགོ་ཚུགས་པ་དང་། དེའི་དམིགས་ཡུལ་ནི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། བཅོས་སྐྱོང་ནུས་པ་དང་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་ས་ཆའི་གཙོ་རྒྱུ་འགན་ལེན་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབ་རྒྱུ་དེ་ཡིན་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། གསོ་སྦྱོང་རིང་སློབ་ཁྲིད་བྱེད་པ་ཕུད། ད་དུང་སློབ་ཁྲིད་ཚར་རྗེས་དོགས་གཞིར་ལན་འདེབས་པ་དང་སྤེལ་རེས་གྲོས་བསྡུར་གྱི་ནང་དོན་ཡང་བཀོད་སྒྲིག་བྱས་ཤིང་། ད་ཐེངས་ཀྱི་གསོ་སྦྱོང་དུས་ཡུན་ཉིན་གཉིས་ཡིན་པ་དང་མི་300ཙམ་ཞུགས་ཡོད་པ་རེད།

ད་ཐེངས་ཀྱི་གསོ་སྦྱོང་བརྒྱུད། ས་གནས་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ཁྲིམས་ལྟར་ས་ཞིང་བེད་སྤྱོད་དང་དོ་དམ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། མིག་སྔའི་རང་ལྗོངས་ཀྱི་ས་ཆའི་གཙོ་རྒྱུ་འགན་ལེན་ལས་དོན་གྱི་དུས་བབ་གསར་པ་དང་ལས་འགན་གསར་པ་ཁོང་དུ་ཡང་དག་ཆུད་པར་བྱེད་པ། ཐོན་ཁུངས་ཀྱི་བདེ་འཇགས་ཀྱི་མཐའ་ཚད་ནན་སྲུང་བཅས་བྱས་ནས། ས་ཞིང་གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར་གྱིས་སྤྱོད་རྒྱུ་དང་། སྤྱི་ཚོགས་ཀྱིས་འབྲེལ་ཡོད་སྲིད་ཇུས་ཤེས་རྟོགས་ཐུབ་ཚད་མཐོ་རུ་གཏོང་རྒྱུ་དང་འབྲེལ་ཡོད་ཀྱི་རྒྱབ་སྐྱོར་སྲིད་ཇུས་གང་ལེགས་སྤྱད་ནས། སྲིད་ཇུས་ཀྱི་ཁེ་སྤོགས་དེ་འཕེལ་རྒྱས་ཀྱི་སྒུལ་ཤུགས་སུ་མགྱོགས་མྱུར་བསྒྱུར་བར་བྱ་རྒྱུ། རང་བྱུང་ཐོན་ཁུངས་ཁོངས་གཏོགས་ཀྱི་འགོ་ཁྲིད་ལས་བྱེད་པའི་ལས་སྒོའི་འཇོན་ཐང་ཆེ་རུ་གཏོང་བ་དང་། ས་ཆ་བེད་སྤྱོད་ཀྱི་ཞིབ་མཆན་ལས་ཆོད་ཆེ་རུ་གཏོང་བ། ས་ཞིང་གནད་ལ་འཁེལ་ཞིང་ཕན་ནུས་ཆེ་བའི་སྒོ་ནས་མཁོ་འདོན་བཅས་བྱས་ཏེ། ས་ཆའི་གཙོ་རྒྱུར་རྒྱབ་སྐྱོར་དང་འགན་སྲུང་གི་ནུས་པ་གང་ལེགས་འདོན་རྒྱུ་བཅས་རེད།