《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月17日

བོད་ལྗོངས(ཉིང་ཁྲི)དང་ཀོང་ཏུང(ཧྥུའུ་ཧྲན)གི་ཚོང་འགུཌ་མ་འདྲེན་གྱི་འོས་སྦྱོར་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་གློག་འཕྲིན་འབྱོར་གསལ། བོད་དང་ཀོང་ཏུང་ས་གནས་གཉིས་ཀྱི་དཔལ་འབྱོར་དང་ཚོང་དོན་སྤེལ་རེས་མཉམ་ལས་ལ་སྔར་བས་སྐུལ་འདེད་བཏང་སྟེ་ཚོང་འགུགས་མ་འདྲེན་གྱི་ཐོད་བརྒལ་གསར་པར་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ནུས་གསར་པ་གསོག་ཆེད། ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་པས་ཧྥུའུ་ཧྲན་གྲོང་ཁྱེར་དུ་2024ལོའི་བོད་ལྗོངས(ཉིང་ཁྲི)དང་ཀོང་ཏུང(ཧྥུའུ་ཧྲན)གི་ཚོང་འགུགས་མ་འདྲེན་གྱི་འོས་སྦྱོར་ཚོགས་འདུ་འཚོགས་ནས། ཞིང་ཆེན(རང་སྐྱོང་ལྗོངས)དང་གྲོང་ཁྱེར་གཉིས་ཀྱི་འབྲེལ་ཡོད་སྡེ་ཚན་དང་། འགྲེམས་ཞུགས་ཁེ་ལས། ཚོང་ཚོགས་མཐུན་ཚོགས། སྨྱན་སྦྱོར་འཐུས་མི་སོགས་མི་400ཙམ་དེའི་ནང་ཞུགས་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འོས་སྦྱོར་སྤེལ་རེས་བྱེད་སྒོར་ཀོང་ཏུང་ཞིང་ཆེན་ཧྥུའུ་ཧྲན་གྲོང་ཁྱེར་སོགས་གྲོང་ཁྱེར་བདུན་གྱི་ཁེ་ལས་ཁག་233ཚོགས་འདུར་ཞུགས་པ་དང་། ས་གནས་ས་ཐོག་ཏུ་རྣམ་གྲངས་ཁག་12ལ་གན་རྒྱ་བཞག་པ། གན་རྒྱ་བཞག་པའི་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་21.43ཟིན་པ་དེ་དག་ནུས་རྒྱུ་གཙང་མ་དང་། ལྗང་མདོག་བཟོ་ལས། ས་མཐོའི་སྐྱེ་དངོས། ཁྱད་ལྡན་རིག་གནས་ཡུལ་སྐོར་སོགས་ཀྱི་ཁྱབ་ཁོངས་ཚུད་ཡོད་པ་རེད། ཉིང་ཁྲི་གྲོང་ཁྱེར་ཡིད་འོང་ཇོ་རིའི་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སི་དང་། བོད་ལྗོངས་ཝུའུ་ཧྥེང་གླིང་ཞིང་འབྲོག་ཚན་རྩལ་ཚད་ཡོད་ཀུང་སི། ཉིང་ཁྲི་སྨི་ཀེ་ཉི་འོད་བདེ་ཐང་ཆེ་མོའི་ཐོན་ལས་ཚད་ཡོད་ཀུང་སི་སོགས་ཉིང་ཁྲིའི་ཁེ་ལས་10ལྷག་ཙམ་གྱིས་སྡོང་ཕུང་དང་། བེ་ཤ ནས། ཁ་ཆེ་ཤ་སྐམ་སོགས་ཁྱད་ལྡན་ཐོན་རྫས་འཁྱེར་ནས་འགྲེམས་སྟོན་ལ་ཞུགས་ཡོད་པ་རེད།