《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月17日

རྒྱལ་ཁབ་ནུས་རྒྱུ་ཚོགས་པས་སློབ་གསོ་དང་། སྨན་བཅོས། ནུས་རྒྱུ་ གཙང་མ་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ།

མ་དངུལ་སྒོར་དུང་ཕྱུར་བདུན་ཙམ་བཏང་ནས་སྙན་རོང་གི་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བར་རམ་འདེགས་བྱས་པ།

འདི་ག་ཚགས་པར་ཁང་དུ་ནག་ཆུ་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་སྙན་རོང་རྫོང་ནས་ཤེས་རྟོགས་བྱུང་བར། 2002ལོའི་ཟླ་8པ་ཚུན་རྒྱལ་ཁབ་ནུས་རྒྱུ་ཚོགས་པས་ནུས་རྒྱུའི་ཀྲུང་དབྱང་ཁེ་ལས་ཀྱི་སྤྱི་ཚོགས་འགན་འཁྲི་ལག་ལེན་ཏན་ཏིག་བསྟར་བ་དང་སྙན་རོང་རྫོང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། རིམ་རྩིས་བྱས་ན་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་7ཙམ་བཏང་ནས་རྣམ་གྲངས་སྣ་ཚོགས་300ལ་རོགས་སྐྱོར་བྱས་པ་དང་སློབ་གསོ་དང་། སྨན་བཅོས། ནུས་རྒྱུ་གཙང་མ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ། ས་བབ་མཐོ་ཤོས་ཀྱི་རྫོང་ཧྲིལ་པོར་ཁྱབ་པའི་འོད་ཤུགས་རྣམ་གྲངས་དང་། རང་སྐྱོང་ལྗོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱི་གསོ་རླུང་མཐོ་གནོན་ལུས་རྩལ་ཁང་དང་པོ། བོད་ཀྱི་རྫོང་རིམ་པའི་ཚན་རྩལ་ཁང་དང་པོ་སོགས་བསྐྲུན་ནས། སྙན་རོང་རྫོང་གི་དབུལ་སྒྲོལ་འགག་སྒྲོལ་གྲུབ་འབྲས་བརྟན་དུ་གཏོང་བ་དང་ཕྱོགས་ཡོངས་ནས་གྲོང་གསེབ་དར་རྒྱས་གཏོང་བར་སྐུལ་འདེད་བཏང་བ་རེད།

བོད་ལྗོངས་སྙན་རོང་རྫོང་ཧྲིལ་པོའི་ཁང་པའི་ཐོག་སྟེང་གི་འོད་ཤུགས་རྣམ་གྲངས་ནི་རང་སྐྱོང་ལྗོངས་ཀྱི་ཁག་དང་པོའི་རྫོང(ཆུས)ཧྲིལ་པོ་9ཡི་ཁང་པའི་ཐོག་སྟེང་གི་འོད་ཤུགས་གསར་སྤེལ་ཚོད་ལྟའི་རྣམ་གྲངས་ཀྱི་གྲས་ཤིག་ཡིན་ཞིང་། ས་བབ་སྨི་4700ཟིན་པ་དང་བོད་རང་སྐྱོང་ལྗོངས་ཀྱི་ས་བབ་མཐོ་ཤོས་ཀྱི་རྫོང་ཧྲིལ་པོའི་འོད་ཤུགས་རྣམ་གྲངས་ཤིག་རེད། (པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད) ལོ་ལྟར་སྙན་རོང་རྫོང་ལ་ནུས་རྒྱུ་གཙང་མའི་གློག་ཆུ་ཚོད་ཆན་ཝ་ཁྲི་289ཙམ་མཁོ་འདོན་བྱེད་པ་དང་། དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་2442ཙམ་དང་། དབྱང་གཉིས་མུ་ཟི་ཏུན་6.65 ཏན་དབྱང་འགྱུར་རྫས་ཏུན་7.51བཅས་ཕྱིར་འབུད་བྱེད་ཚད་ཉུང་དུ་སོང་བས་གྲོང་གསེབ་དར་རྒྱས་ཀྱི་ནུས་རྒྱུ་གསར་པའི་ཁྱབ་ཚུལ་རྣམ་གྲངས་ཕྱོགས་ཡོངས་ནས་ཁྱབ་གདལ་དང་འཕེལ་རྒྱས་གཏོང་བར་དཔེ་མཚོན་གྱི་དཔེ་སྟོན་ནུས་པ་ཐོན་ཡོད།

རྒྱལ་ཁབ་ནུས་རྒྱུ་ཚོགས་པས་སྙན་རོང་རྫོང་ལ་ཁ་གཏད་རོགས་སྐྱོར་བྱེད་རིང་སློབ་གསོའི་རོགས་སྐྱོར་ལ་ཚད་མཐོའི་མཐོང་ཆེན་གྱིས་དབུལ་པོ་བུ་རབས་ཚ་རྒྱུད་བཀག་འགོག་བྱ་རྒྱུ་དམིགས་ཚད་དུ་བྱས་ཏེ་སློབ་གསོའི་བོད་སྐྱོར་ལས་གྲྭ་ལག་བསྟར་ཤུགས་ཆེན་བྱས་པ་རེད། དེའི་ཁྲོད་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་གཅིག་ཙམ་བཏང་བའི་སྙན་རོང་རྫོང་རྒྱལ་ཁབ་ནུས་རྒྱུ་ཚོགས་པའི་ཕུགས་རེའི་སློབ་ཆུང་2020ལོའི་ཟླ་9པར་དངོས་སུ་སློབ་གཉེར་བྱེད་འགོ་ཚུགས་རྗེས་2023ལོའི་ཟླ་12པར་རང་སྐྱོང་ལྗོངས་སློབ་གསོའི་ཁོངས་གཏོགས་ཀྱི་གསོ་རླུང་ཡོད་པའི་ལུས་རྩལ་ཁང་དང་པོ་བསྐྲུན་པ་རེད།

བོད་ཀྱི་རྫོང་རིམ་པའི་ཚན་རྩལ་ཁང་དང་པོ་ཡིན་པའི་སྙན་རོང་རྫོང་ཚན་རྩལ་ཁང་2023ལོའི་ཟླ་9ཚེས་17ཉིན་སྒོ་བྱང་བཀལ་བ་རེད། ཚན་རྩལ་ཁང་གིས་ཚན་རིག་ཁྱབ་གདལ་དང་། བློ་སྒོ་འབྱེད་པ། གསར་གཏོད་ཀྱི་བསམ་གཞིག་གསོ་སྐྱོང་བཅས་ཀྱི་ལས་སྟེགས་ཀྱི་ནུས་པ་གང་ལེགས་བཏོན་པ་དང་ཚན་རིག་ཁྱབ་གདལ་ཤེས་བྱ་དྲིལ་བསྒྲགས་རྒྱ་ཁྱབ་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱིས་ཚན་རིག་སློབ་སྦྱོང་དང་། ཡིད་ཆེས། བེད་སྤྱོད་བཅས་བྱེད་པར་ཁྲིད་སྟོན་བྱས་ནས། ཚན་རིག་གི་བློ་གྲོས་དང་སྟོབས་ཤུགས་གཅིག་བསྡུས་ཀྱིས་སྙན་རོང་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་རེད།

(ལྷག་ཚེ་དང་པ་ཕན་གྱིས་སྒྱུར་ཞུས་བྱས)