པེ་ཅིང་གྲོང་ཁྱེར་ཡན་ཆིང་ཆུས་པ་ཏ་ལིང་གྲོང་རྡལ་ཧྲི་ཞ་གྲོང་ཚོའི་ཡུལ་མི་སྤུན་ཟླ་ཚོ།
སྐུ་ཁམས་བཟང་། ཁྱེད་རྣམ་པའི་ཡི་གེ་འབྱོར་བྱུང་། ལོ་དེ་དག་རིང་ཁྱེད་ཚོས་རང་འགུལ་ངང་ལྕགས་རི་རིང་པོ་སྲུང་སྐྱོང་དང་ལྕགས་རི་རིང་པོའི་རིག་གནས་རྒྱུན་འཛིན་བྱས་པ་དང་འབྲེལ་ལྕགས་རི་རིང་པོའི་ཐོན་ཁུངས་ལ་བརྟེན་ནས་ཕྱུག་འགྱུར་ལམ་བུར་བསྐྱོད་པས་ང་ཧ་ཅང་དགའ་པོ་བྱུང་།
ལྕགས་རི་རིང་པོ་ནི་ཀྲུང་ཧྭ་མི་རིགས་ཀྱི་ཚབ་བྱེད་རང་བཞིན་གྱི་མཚོན་རྟགས་དང་ཀྲུང་ཧྭའི་ཤེས་དཔལ་གྱི་མཚོན་རྟགས་གལ་ཆེན་ཞིག་ཡིན་པ་དང་། དེར་ཀྲུང་ཧྭ་མི་རིགས་ཀྱི་ཡར་ཐོན་ལྷུར་ལེན་གྱི་འབད་འཐབ་སྙིང་སྟོབས་དང་། བློ་སྟོབས་གཅིག་སྒྲིལ་དང་བློ་བརྟན་འགྱུར་མེད་ཀྱི་རྒྱལ་གཅེས་བརྩེ་སེམས་འདུས་ཡོད། ལོ་རྒྱུས་རིག་གནས་ཤུལ་བཞག་འདི་སྲུང་སྐྱོང་ཡག་པོ་དང་རྒྱུན་འཛིན་ཡག་པོ་བྱ་རྒྱུ་ནི་ང་ཚོའི་ཐུན་མོང་གི་འགན་འཁྲི་ཡིན། རེ་བར་ཚང་མས་མུ་མཐུད་འབད་བརྩོན་དང་སྙིང་རུས་གཏན་འཁྱོངས་བྱས་ཏེ་ཁྱིམ་གཞིས་སྲུང་སྐྱོང་བྱེད་པ་ལྟར་ལྕགས་རི་རིང་པོ་སྲུང་སྐྱོང་ཡག་པོ་བྱེད་པ་དང་། ལྕགས་རི་རིང་པོའི་རིག་གནས་དར་སྤེལ་གཏོང་བ། ལྕགས་རི་རིང་པོའི་གཏམ་རྒྱུད་ཡག་པོ་ཤོད་པ་བཅས་བྱས་ཏེ་ལྕགས་རི་རིང་པོ་མི་དེ་བས་མང་བས་ཤེས་རྟོགས་དང་སྲུང་སྐྱོང་བྱ་རྒྱུར་སྐུལ་ཁྲིད་བྱས་ནས་མེས་པོས་བཞག་པའི་རྩ་ཆེའི་རྒྱུ་ནོར་འདི་ཉིད་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་ཐོག སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད།
ཚང་མའི་འཚོ་བ་ཉིན་བཞིན་གྲ་རྒྱས་སུ་འགྲོ་བའི་སྨོན་འདུན་ཞུ་རྒྱུ་ཡིན།
ཞི་ཅིན་ཕིང་གིས།
2024ལོའི་ཟླ་5ཚེས་14ཉིན།
(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་15ཉིན་འབྱོར་པའི་གློག་འཕྲིན)
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཟླ་5ཚེས་14ཉིན་པེ་ཅིང་གྲོང་ཁྱེར་ཡན་ཆིང་ཆུས་པ་ཏ་ལིང་གྲོང་རྡལ་ཧྲི་ཞ་གྲོང་ཚོའི་ཡུལ་མི་སྤུན་ཟླ་ཚོར་འཕྲིན་ལན་སྤྲིངས་ནས་ཁོང་ཚོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་དང་འབྲེལ་བྱམས་བརྩེ་ཆེ་བའི་ཐུགས་རེ་གནང་བ་རེད།
ཞི་ཅིན་ཕིང་གིས་འཕྲིན་ལན་ནང་ལོ་དེ་དག་རིང་ཁྱེད་ཚོས་རང་འགུལ་ངང་ལྕགས་རི་རིང་པོ་སྲུང་སྐྱོང་དང་ལྕགས་རི་རིང་པོའི་རིག་གནས་རྒྱུན་འཛིན་བྱས་པ་དང་འབྲེལ་ལྕགས་རི་རིང་པོའི་ཐོན་ཁུངས་ལ་བརྟེན་ནས་ཕྱུག་འགྱུར་ལམ་བུར་བསྐྱོད་ཡོད་པས་ང་ཧ་ཅང་དགའ་པོ་བྱུང་ཞེས་གསུངས་ཡོད་པ་རེད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ལྕགས་རི་རིང་པོ་ནི་ཀྲུང་ཧྭ་མི་རིགས་ཀྱི་ཚབ་བྱེད་རང་བཞིན་གྱི་མཚོན་རྟགས་དང་ཀྲུང་ཧྭའི་ཤེས་དཔལ་གྱི་མཚོན་རྟགས་གལ་ཆེན་ཞིག་ཡིན་པ་དང་། དེར་ཀྲུང་ཧྭ་མི་རིགས་ཀྱི་ཡར་ཐོན་ལྷུར་ལེན་གྱི་འབད་འཐབ་སྙིང་སྟོབས་དང་། བློ་སྟོབས་གཅིག་སྒྲིལ་དང་བློ་བརྟན་འགྱུར་མེད་ཀྱི་རྒྱལ་གཅེས་བརྩེ་སེམས་འདུས་ཡོད། ལོ་རྒྱུས་རིག་གནས་ཤུལ་བཞག་འདི་སྲུང་སྐྱོང་ཡག་པོ་དང་རྒྱུན་འཛིན་ཡག་པོ་བྱ་རྒྱུ་ནི་ང་ཚོའི་ཐུན་མོང་གི་འགན་འཁྲི་ཡིན། རེ་བར་ཚང་མས་མུ་མཐུད་འབད་བརྩོན་དང་སྙིང་རུས་གཏན་འཁྱོངས་བྱས་ཏེ་ཁྱིམ་གཞིས་སྲུང་སྐྱོང་བྱེད་པ་ལྟར་ལྕགས་རི་རིང་པོ་སྲུང་སྐྱོང་ཡག་པོ་བྱེད་པ་དང་། ལྕགས་རི་རིང་པོའི་རིག་གནས་དར་སྤེལ་གཏོང་བ། (པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད) ལྕགས་རི་རིང་པོའི་གཏམ་རྒྱུད་ཡག་པོ་ཤོད་པ་བཅས་བྱས་ཏེ་ལྕགས་རི་རིང་པོ་མི་དེ་བས་མང་བས་ཤེས་རྟོགས་དང་སྲུང་སྐྱོང་བྱ་རྒྱུར་སྐུལ་ཁྲིད་བྱས་ཏེ་མེས་པོས་བཞག་པའི་རྩ་ཆེའི་རྒྱུ་ནོར་འདི་ཉིད་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་ཐོག་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་སྟོབས་ཤུགས་སྐྱེས་སུ་འབུལ་དགོས།
ལྕགས་རི་རིང་པོ་ནི་རང་རྒྱལ་གྱི་ད་ཡོད་ཀྱི་གཞི་ཁྱོན་ཆེ་ཤོས་ཀྱི་རིག་གནས་ཤུལ་བཞག་ཅིག་ཡིན་ཞིང་། 1984ལོར་ཏེང་ཞའོ་ཕིང་དང་ཞི་ཀྲུང་ཞུན་སོགས་འགོ་ཁྲིད་བློ་མཐུན་གྱིས་རྒྱལ་སའི་སྡེ་ཚན་ཁ་ཤས་ལ་སྐུལ་སློང་གནང་བའི“ང་ཡི་ཀྲུང་ཧྭ་ལ་དགའ། ང་ཡི་ལྕགས་རི་རིང་པོ་སྐྲུན”ཞེས་པའི་བྱེད་སྒོར་ཕྱག་བྲིས་གནང་བས་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་གིས་ལྕགས་རི་རིང་པོ་སྲུང་སྐྱོང་བྱེད་པའི་སྤྲོ་སེམས་འཕེལ་བར་བྱས་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལྕགས་རི་རིང་པོའི་རིག་གནས་ཀྱི་རིན་ཐང་སྔོག་འདོན་དང་རིག་དངོས་ཤུལ་བཞག་རྒྱུན་འཛིན་དང་སྲུང་སྐྱོང་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་སྟེ་ལྕགས་རི་རིང་པོའི་རྒྱལ་ཁབ་རིག་གནས་སྤྱི་གླིང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུར་མཛུབ་ཁྲིད་གནང་ཡོད། ཉེ་ཆར་པེ་ཅིང་གྲོང་ཁྱེར་པ་ཏ་ལིང་ལྕགས་རི་རིང་པོའི་གཤམ་གྱི་ཧྲི་ཞ་གྲོང་ཚོའི་ཡུལ་མི་སྤུན་ཟླ་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས་ལྕགས་རི་རིང་པོའི་སྲུང་སྐྱོང་ལས་དོན་ནང་རང་འགུལ་ངང་ཞུགས་པ་དང་གྲོང་ཚོའི་འཕེལ་རྒྱས་དང་འགྱུར་ལྡོག་སོགས་ཀྱི་གནས་ཚུལ་སྙན་སེང་ཞུས་ཏེ་ལྕགས་རི་རིང་པོ་མུ་མཐུད་སྲུང་སྐྱོང་དང་ལྕགས་རི་རིང་པོའི་རིག་གནས་རྒྱུན་འཛིན་བྱ་རྒྱུའི་ཆོད་སེམས་མཚོན་པར་བྱས་ཡོད་པ་རེད།
(བསོད་བདེ་ཆེ་བས་བསྒྱུར། བསོད་བདེ་དང་མཚམས་གཅོད་ཀྱིས་ཞུས)