ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱི་ལས་དོན་པ་ཀོང་པོ་སྤྱི་གླིང་ཐང་ཆེན་དུ་བསྐྱོད་དེ་ངོ་ཐུག་གདོང་འཕྲད་ཀྱི་སྒྲོག་འགྲེལ་དང་གཅིག་སྡུད་སྒྲོག་འགྲེལ་སོགས་བརྒྱུད། འགྲོ་འོང་བྱེད་མཁན་གྲོང་མི་དང་སྒེར་གཉེར་ཁེ་ལས་ཀྱི་སྦྱིན་བདག་སོགས་ལ་རྒྱལ་ཁབ་ཀྱི་ཁྲལ་འབབ་དང་འབྲེལ་བའི་ཁྲིམས་སྲོལ་དང་དམངས་ཕན་སྲིད་ཇུས་དྲིལ་བསྒྲགས་བྱས་པ་དང་། ཁྲལ་འཇལ་བར་ཁྲལ་དོན་སྦྱོང་བ་དང་། ཁྲལ་བསྡུའི་བཅའ་ཁྲིམས་ཤེས་པ། གཟིགས་སྐྱོང་སྲིད་ཇུས་རྟོགས་པ། འོས་འགན་སྒྲུབ་པ་བཅས་ཀྱི་ཁྲིད་སྟོན་བྱས་ཏེ་ཁྲིམས་ལྟར་ཁྲལ་འཇལ་བའི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་བཏོད་པ་རེད། འདི་ནི་ཉིང་ཁྲི་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱི་ལས་དོན་པས་གྲོང་མི་མང་ཚོགས་ལ་འབྲེལ་ཡོད་ཁྲིམས་སྲོལ་དང་ཁྲལ་དོན་གྱི་ཉམས་མྱོང་དང་བྱེད་སྟངས་འགྲེལ་བཤད་རྒྱག་བཞིན་པ།