འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་5ཚེས་14ཉིན་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་། གསར་འགོད་པས་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་ནས་ཤེས་རྟོགས་བྱས་པར། 2024ལོའི་དུས་ཚིགས་དང་པོར་ལྗོངས་ཡོངས་ཀྱི་འབྲོག་ལས་འཕེལ་རྒྱས་འགྲོ་ཚུལ་མུ་མཐུད་ལེགས་སུ་ཕྱིན་པ་དང་འབྲོག་ལས་ཐོན་རྫས་རིན་ཐང་དེ་ཞིང་ནགས་ཕྱུགས་ཉ་བཅས་ལས་རིགས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་བསྡུར་ཚད་ཀྱི་བཅུ་ཆ་བདུན་ལས་བརྒལ་བ་དང་། ན་ནིང་གི་དུས་མཚུངས་དང་བསྡུར་ན་ཤ་དང་། སྒོ་ང་། འོ་མ་བཅས་ཀྱི་ཐོན་འབབ་ཆེས་ཆེར་འཕར་ཡོད། གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་2764ཟིན་ནས་9.3%འཕར་ཏེ་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་གཉིས་པར་སླེབས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་ནས་བཟུང་རང་ལྗོངས་ཀྱི་ཞིང་འབྲོག་ལས་ཐོན་སྐྱེད་ལས་དོན་ཁག་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་ཆེད་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གིས《2024ལོའི་ཞིང་འབྲོག་ལས་ཚན་རྩལ་གཤམ་སྐྱོད་ལག་རྩལ་འགན་གཙང་གི་ལས་དོན་ཇུས་གཞི》བཀྲམ་པ་དང་། རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཁང་དང་མཉམ་འབྲེལ་བྱས་ཏེ་བློ་འདྲིའི་རིགས་གཅིག་མཁས་ཅན་ཚོགས་ཆུང་དང་འགན་ལེན་ལས་དོན་ཚོགས་ཆུང་བཙུགས་པ་དང་འབྲེལ་ལས་དོན་ཚོགས་ཆུང་སྒྲིག་འཛུགས་བྱས་ཏེ་འཐབ་ས་དང་པོར་ལག་རྩལ་ཞབས་ཞུའི་ལས་དོན་སྤེལ་ནས་འབྲོག་ལས་འཕེལ་རྒྱས་ལ་ཚན་རྩལ་གྱི་འདེགས་སྐྱོར་མཁོ་འདོན་བྱས་ཡོད། དུས་ཚིགས་དང་པོར་ཕྱུགས་རིགས་ཀྱི་ལྷས་ར་སྐོང་བ་དང་། རྒྱུད་བཟང་ར་བ་འཛུགས་སྐྲུན། བཞོན་མ་རིམ་སྤོར་སྒྱུར་བཀོད།
(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) གཟན་རྩྭ་འདེབས་པ་སོགས་རྣམ་གྲངས་ལ་མ་དངུལ་བསྡོམས་སྒོར་དུང་ཕྱུར་3.3སྔ་སྣུར་དུ་བཏང་བས་རྣམ་གྲངས་ཀྱི་ལས་ཕྱོད་ཆེ་རུ་འགྲོ་བར་མ་དངུལ་གྱི་འགན་ལེན་བྱས་ཡོད། རང་སྐྱོང་ལྗོངས་སྲིད་གཞུང་གིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་འཕར་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་འགའ་ཞིག་བཏོན་ནས་ཕྱུགས་རིགས་ཕྱིར་ཚོང་གི་ཁ་གསབ་མ་དངུལ་དོན་འཁྱོལ་གྱི་ཇུས་གཞི་ལེགས་སུ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། གྲོང་ཁྱེར་དང་ས་ཁུལ་ཁག་གིས་ཞིང་ལས་ལ་རོགས་རམ་དང་། ཡོང་འབབ་འཕར་བ། བྲིན་ཚོང་སྐུལ་གཏོང་གི་བྱེད་སྒོ་སྤེལ་བ་སོགས་བྱས་པས་ཞིང་འབྲོག་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བར་ནུས་པ་མངོན་གསལ་དོད་པོ་ཐོན་པ་དང་། ཞིང་འབྲོག་པའི་ཕྱུགས་རིགས་བཤས་གཏོང་ཚད་མངོན་གསལ་དོད་པོས་མང་དུ་ཕྱིན་པ། འབྲོག་ལས་ཀྱི་གདིང་ཤུགས་སྔར་བས་ཆེ་རུ་ཕྱིན་པ་བཅས་བྱུང་ཡོད།
(བདེ་དབང་དང་སྒྲོན་ལགས་ཀྱིས་སྒྱུར་ཞུས་བྱས)