《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月15日

དམངས་འཚོའི་མཐའ་ཚད་བརྟན་པོར་བསྲུངས། དམངས་འཚོའི་བདེ་རྩ་ཆེ་རུ་བཏང་།

—— ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དམངས་སྲིད་ཅུས་ཀྱིས“གནད་དོན་བཞིར”ཤུགས་སྣོན་བརྒྱབ་པའི་སྐོར་བཀོད་པ།

འདི་ལོ་ནས་བཟུང་། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དམངས་སྲིད་ཅུས་ཀྱིས“རྣམ་པ་དྲུག་གི་དམངས་སྲིད”ནུས་ཤུགས་ཡོད་རྒུས་བཏོད་དེ“དམིགས་ཚད་ཁག་ལྔ”མངོན་འགྱུར་ཧུར་ཐག་བྱེད་དགོས་པའི་སྐོར་གྱི་རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་གྱི་རིམ་གཉིས་དམངས་སྲིད་ལས་དོན་ཚོགས་འདུའི་བླང་བྱ་གཞིར་བཟུང་། “ཁ་ཕྱོགས་སྟངས་འཛིན་དང་། རྨང་གཞི་བརྟན་གཏོང་། ཕན་བདེར་སྐུལ་འདེད།བཅོས་སྐྱོང་ཤུགས་ཆེན་བཅས“གནད་དོན་བཞིར”ཤུགས་སྣོན་བརྒྱབ་སྟེ་ཁྲེང་ཀོན་ཆུས་ཀྱི་དམངས་སྲིད་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད་པ་རེད།

ཁ་ཕྱོགས་སྟངས་འཛིན།

བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་བ།

ཁྲེང་ཀོན་ཆུས་དམངས་སྲིད་ཅུས་ཏང་ཙུའུ་ཡིས“གྲོས་གཞི་ཁག་དང་པོའི”ལམ་ལུགས་ལག་བསྟར་ནན་པོ་བྱས་ཏེ།《དམངས་སྲིད་ལས་དོན་སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་གཏིང་ཟབ་བྱེད་པ》དེ་སློབ་སྦྱོང་གི་གཙོ་གནད་དུ་བརྩིས་ནས་དོན་དངོས་དང་དོན་དག་གལ་ཆེན་དང་ཟུང་འབྲེལ་གྱིས་ཏང་ཙུའི་རིགས་པའི་གཞུང་ལུགས་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཐེངས་4དང་ཏང་ཀྲི་པུའི་གཅིག་སྡུད་སློབ་སྦྱོང་ཐེངས་5བྱས་ཏེ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་དང་། དེའི་ནང་ཁྱབ་པའི་ལངས་ཕྱོགས་དང་། ལྟ་བ། བྱ་ཐབས་བཅས་ལ་གོ་བ་ལེན་པ་དང་ཁོང་དུ་གཏིང་ཟབ་ཆུད་པར་བྱས་པ་དང་། དེའི་ནང་འདུས་པའི་འཇིག་རྟེན་ཁམས་དང་མི་ཚེའི་སྐོར་གྱི་གནས་ལུགས་རྟོགས་པར་བྱས་ཏེ། ལས་བྱེད་པ་དང་ལས་བཟོ་ཡོངས་ཀྱི་སྦྱངས་པ་གོ་ཆོད་དང་ཤེས་སྤྱོད་གཅིག་མཐུན་གྱི་ནུས་པ་ཆེ་རུ་བཏང་ཡོད། དུས་མཚུངས་ལས་ཀའི་བསམ་ཕྱོགས་སྔར་བས་གསལ་བཟོ་དང་ལས་ཀའི་སྤྱོད་ཚུལ་བསྒྱུར་ནས། ཧུར་ཐག་དང་རང་འགུལ་ངང་གནད་དོན་ཤེས་རྟོགས་དང་དཀའ་གནད་བསལ་ནས་ཞིབ་བཤེར་དག་ཐེར་ལ་དམ་འཛིན་ནན་པོ་བྱས་ཏེ་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཁག་གཅིག་ཐག་གཅོད་ཡོང་བར་སྐུལ་འདེད་བཏང་བ་རེད།

རྨང་གཞི་བརྟན་གཏོང་།

ཐ་སྐྱོང་འགན་ལེན་གྱི་འགན་ནུས་ལག་བསྟར་བྱས་པ།

ཁྲེང་ཀོན་ཆུས་དམངས་སྲིད་ཅུས་ཀྱིས་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་དེ་འབད་འཐབ་ཀྱི་དམིགས་ཚད་ལ་བརྩིས་ནས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་དམིགས་བསལ་ཚོགས་སྤྱི་དང་མང་ཚོགས་ཀྱི་དོ་ཁུར་ལ་དམིགས་པ་དང་། དམིགས་བསལ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཁྱད་ཆོས་དང་དགོས་མཁོར་དམིགས་ནས་གནད་སྨིན་ཇུས་འདོན་གྱིས་མཐའ་ཚད་སྲུང་ཐུབ་པ་དང་། མཐའ་ཚད་གནད་སྨིན་སྲུང་བ། མཐའ་ཚད་ཡག་པོ་སྲུང་བ་བཅས་ཀྱི་འགན་ལེན་བྱས་ཤིང་། ཟླ་3པ་ནས་བཟུང་། ཁྲེང་ཀོན་ཆུས་དམངས་སྲིད་ཅུས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་ཚོགས་སྤྱིའི་གསར་འཕར་དུད་ཚང་ལ་སླར་ཡང་བརྟག་དཔྱད་བྱེད་པའི་ལས་དོན་སྤེལ་ཞིང་། ཁྲོམ་གཞུང་གིས་གོང་ཞུ་བྱས་པའི་མ་མཐའི་འཚོ་བ་འགན་ལེན་དང་། ཡོང་འབབ་དམའ་བ། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་བཅས་གསར་འཕར་གྱི་དབང་བཅོལ་ཡི་གེ་དང་མངགས་བཅོལ་ཡི་གེ་གཞི་འཛིན་སར་བྱས་ཏེ་བརྟག་དཔྱད་བྱས་ནས་མ་ལག་ལས་སྟེགས་ནང་བླུགས་པའི་ཆ་འཕྲིན་ལ་ཞིབ་བསྡུར་ཞིབ་ཕྲ་བྱེད་པ་དང་ཞིབ་བསྡུར་སྙན་ཞུའི་འབྲས་བུ་གཞིར་བཟུང་ཁྲོམ་གཞུང་དུ་ཆ་འཕྲིན་ཕྱིར་ལན་སྤྲད་པ་དང་འབྲེལ་དུད་ཚང་དུ་བསྐྱོད་ནས་ཞིབ་བཤེར་བྱས་ཡོད། མིག་སྔའི་བར། ཁྲེང་ཀོན་ཆུས་དམངས་སྲིད་ཅུས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་མི་སྣ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁ་ཐོར་དམིགས་བསལ་དཀའ་ངལ་ཡོད་པའི་བསྙེན་བཀུར་མི་སྣ། གཅིག་སྡུད་བསྙེན་བཀུར་མི་སྣ། གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་འཚོ་བའི་འགནལེན་གྱི་མཐར་ལུས་མི་སྣ་སོགས་དཀའ་ངལ་ཡོད་པའི་མང་ཚོགས་རིགས་ལ་རིམ་རྩིས་བྱས་ན་རོགས་སྐྱོབ་མ་དངུལ་ཁྱོན་སྒོར་ཁྲི་1005.86སྤྲད་ནས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་གནད་དོན་ཐག་གཅོད་ཏན་ཏིག་བྱས་ཡོད།

ཕན་བདེར་སྐུལ་འདེད།

རྒན་གསོའི་བྱ་གཞག་འཕེལ་རྒྱས་ཤུགས་ཆེན་བཏང་བ།

རྒན་གསོའི་ཞབས་ཞུ་ནི་སྤྱི་ཚོགས་འགན་སྲུང་མ་ལག་གི་གཙོ་གནད་དང་ལྟེ་བ་ཡིན་ལ། མི་དམངས་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་དང་བདེ་སྐྱིད་ཚོར་སེམས་མཚོན་པའི“ཆར་བརྟག་ཡོ་བྱད”ཅིག་ཀྱང་རེད། རྒན་རྒོན་གྱི་རྒན་གསོའི་ཞབས་ཞུའི་དགོས་མཁོ་སྣ་མང་ཅན་གྱི་འཕེལ་ཕྱོགས་ལ་དམིགས་ཏེ་ཁྲེང་ཀོན་ཆུས་ཀྱིས་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱས་ནས་ཞབས་ཞུའི་མཁོ་སྤྲོད་ཆུ་ཚད་མཐོ་རུ་གཏོང་བ་དང་། སྡེ་ཁུལ་གྱི་ཁྱིམ་སྡོད་རྒན་གསོའི་ཞབས་ཞུ་འཕེལ་རྒྱས་གཏོང་བ། རྒན་གསོའི་ཞབས་ཞུའི་རྣམ་གྲངས་དོན་འཁྱོལ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་ཁྲེང་ཀོན་ཆུས་ཀྱི་གཞི་རྩའི་རྒན་གསོའི་ཞབས་ཞུའི་མ་ལག་གི་ནང་དོན་ཕུན་སུམ་ཚོགས་སུ་བཏང་ཡོད།

ཞབས་ཞུའི་མཁོ་སྤྲོད་ཆུ་ཚད་མཐོ་རུ་གཏོང་བའི་ཐད། ཁྲེང་ཀོན་ཆུས“སྐད་གཉིས”ཀྱི་སྡེ་ཁུལ་ལས་དོན་ས་ཚིགས་9ཡིས་དཀའ་ངལ་ཡོད་པའི་རྒན་རྒོན་ལ་དམིགས་ཏེ་ཁོངས་གཏོགས་ཁུལ་གྱི་ཞབས་འདེགས་ཞུ་ཡུལ་ཐོ་འགོད་ལས་དོན་དང་ཆེད་དོན་བྱེད་སྒོ་ཁྱོན་ཐེངས་23སྤེལ་བ་དང་དེའི་ནང་མི་གྲངས་1984ཟིན་པ་དང་དཀའ་ངལ་ཡོད་པའི་རྒན་རྒོན་ཤེས་རྟོགས་བྱ་ཐབས་སྔར་བས་ཤུགས་ཆེར་བཏང་ནས“མི་གཅིག་ཀྱང་མི་ལུས་པའི”བརྩོན་ལེན་བྱས་པ་དང་། ཉིན་མོའི་ལྟ་སྐྱོང་ལྟེ་གནས་གཉེར་སྐྱོང་ཕྱོགས་ཀྱི་ལས་དོན་མི་སྣ་དང་དམངས་སྲིད་ལས་རོགས་པ་སྒྲིག་འཛུགས་བྱས་ནས་ལྷ་ས་གྲོང་ཁྱེར་དམངས་སྲིད་ཅུས་རྒན་གསོའི་མཛུབ་ཁྲིད་ལྟེ་གནས་སུ་བསྐྱོད་དེ་རིག་ལྡན་རྒན་གསོའི་མ་ལག་གསོ་སྦྱོང་བྱས་ཏེ་ཉིན་མོའི་ལྟ་སྐྱོང་ལྟེ་གནས་ཀྱིས་སྤེལ་བའི་ཁྱིམ་སྡོད་དང་ལས་ཁུངས་ཀྱི་ཞབས་ཞུའི་ནུས་པ་ཆེ་རུ་བཏང་ཡོད།

བཅོས་སྐྱོང་ཤུགས་ཆེན།

གཞི་རིམ་གྱི་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་བཏང་བ།

ཁྲེང་ཀོན་ཆུས་ཀྱིས་སྟག་རྩེ་ཆུས་དམངས་སྲིད་ཅུས་དང་འབྲེལ་མཐུད་ཧུར་ཐག་བྱས་ནས་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་དང་ཁྲེང་ཀོན་ཆུས་ཀྱི་རེས་སྐོར་བདུན་པའི་རྫོང་རིམ་པའི་སྲིད་འཛིན་ས་ཁོངས་ཀྱི་བཅད་མཚམས་མཉམ་འབྲེལ་གྱི་ཞིབ་བཤེར་ལས་དོན་སྤེལ་ཞིང་། ཕྱོགས་གཉིས་པོས་ས་མཚམས་དོ་དམ་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་རྒྱུའི་ཐད་འབྲེལ་གཏུག་གཏིང་ཟབ་བྱས་པ་དང་སྦྲགས། 《ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་དང་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་དུས་བདེའི་ས་མཚམས་འཛུགས་གཏོད་ལས་དོན་གྱི་གྲོས་མཐུན་ཡི་གེ》བཞག་སྟེ། ས་མཚམས་དེ་བྱང་ཁྲེང་ཀོན་ཆུས་དང་། སྟག་རྩེ་ཆུས། ལྷུན་གྲུབ་རྫོང་བཅས་རྫོང(ཆུས)གསུམ་གྱི་ས་མཚམས་འབྲེལ་མཚམས་ནས་ལྷོ་ཁྲེང་ཀོན་ཆུས་དང་། སྟག་རྩེ་ཆུས། གྲ་ནང་རྫོང་བཅས་རྫོང(ཆུས)གསུམ་གྱི་ས་མཚམས་ཀྱི་འབྲེལ་མཚམས་བར་ཡིན་པ་དང་། སྤྱིའི་རིང་ཚད་ལ་སྨི་32280ཡོད་པ། ཁྱོན་ས་མཚམས་འབྱེད་རྟགས་གསུམ་བཙུགས་ཡོད།

ཏང་གིས་སྲིད་འཛིན་ས་ཁོངས་དབྱེ་འབྱེད་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱིས་འགོ་ཁྲིད་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། ས་མཚམས་དོ་དམ་དང་འགལ་ཟླ་དང་རྩོད་གཞིར་གྲལ་བཤེར་དང་སེལ་རྒྱུར་སྔར་ལས་ཤུགས་སྣོན་བརྒྱབ་སྟེ་རྫོང་རིམ་པའི་ས་མཚམས་ས་ཁུལ་འཆམ་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་བྱས་ཡོད། ཁྲེང་ཀོན་ཆུས་ཀྱིས་ཆབ་སྲིད་ཐད་ནས་ས་མིང་དབྱེ་འབྱེད་ལས་དོན་ལ་བལྟ་རྒྱུ་མཐའ་འཁྱོངས་ཀྱིས་ཤེས་དཔལ་རྒྱུན་འཛིན་གྱི་ཐོག་ནས་ས་མིང་དབྱེ་འབྱེད་ལས་དོན་ལ་དམ་འཛིན་བྱས་ཏེ་འགྲོ་ལམ་དང་། སྲང་ལམ། སྤྱི་གླིང་། མཚེའུ་བཅས་གསར་པར་མིང་འདོགས་མཁན་རིགས་གཅིག་མཁས་ཅན་གྱི་ར་སྤྲོད་ཚོགས་འདུ་སྒྲིག་འཛུགས་བྱས་ནས་འཚོགས་ཏེ། འགྲོ་ལམ་37དང་། སྲང་ལམ་24 སྤྱི་གླིང་3 མཚེའུ་3བཅས་ཀྱི་མིང་འདོགས་ལས་དོན་ལེགས་སྒྲིག་དང་འཐུས་སྒོ་ཚང་དུ་བཏང་ནས་ས་མིང་དབྱེ་འབྱེད་ལས་དོན་གྱིས་ཁྲེང་ཀོན་ཆུས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་རྒྱུར་སྐུལ་འདེད་བཏང་བ་རེད།

འདི་ནི་ཁྲེང་ཀོན་ཆུས་དམངས་སྲིད་ཅུས་ཀྱིས་རྒན་རྒོན་གྱི་ཉིན་མོའི་ལྟ་སྐྱོང་ལྟེ་གནས་སུ“དམངས་གཙོའི་བཅོས་སྒྱུར་གྱི་གྲུབ་འབྲས་མཉམ་དུ་སྤྱོད། བདེ་ཐང་བདེ་སྐྱིད་ཀྱི་ཚེ་མཇུག་བདེ་ལ་རོལ”བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བཞིན་པ།

འདི་ནི་རྒན་རྒོན་ཚོས་ཁྲེང་ཀོན་ཆུས་ཀྱི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་གཅིག་སྡུད་བསྙེན་བཀུར་ཞབས་ཞུའི་ལྟེ་གནས་སུ་བོད་ཀྱི་ལོ་གསར་དགའ་གཏོང་བྱེད་བཞིན་པ།

འདི་ནི་ཁྲེང་ཀོན་ཆུས་ཀྱི་དམིགས་བསལ་དཀའ་ངལ་ཡོད་པའི་གཅིག་སྡུད་བསྙེན་བཀུར་མི་སྣའི་ཞབས་ཞུ་ལྟེ་གནས་ཀྱིས་འོས་འགན་སྨན་བཅོས་དང་བླངས་བྱེད་སྒོ་སྤེལ་ནས་ཞབས་ཞུ་ལྟེ་གནས་ཀྱི་རྒན་རྒོན་ཚོའི་གཟུགས་པོར་བརྟག་དཔྱད་བྱེད་བཞིན་པ།

འདི་ནི་རྒན་རྒོན་ཚོས་ཁྲེང་ཀོན་ཆུས་ཚེ་སྨོན་གླིང་རྒན་རྒོན་ཉིན་མོའི་ལྟ་སྐྱོང་ལྟེ་གནས་སུ་བོད་ཡིག་སྦྱོང་བཞིན་པ།

འདི་ནི་ཁྲེང་ཀོན་ཆུས་དམངས་སྲིད་ཅུས་ཀྱི་ལས་དོན་མི་སྣས་མ་མཐའི་འཚོ་བའི་འགན་སྲུང་དང་ཁ་ཐོར་བསྙེན་བཀུར་རྒན་རྒོན་ལ་འཚམས་འདྲིའི་དངོས་པོ་སྤྲོད་བཞིན་པ།

འདི་ནི་ཁྲེང་ཀོན་ཆུས་ཚེ་སྨོན་གླིང་རྒན་རྒོན་ཉིན་མོའི་ལྟ་སྐྱོང་ལྟེ་གནས་ཀྱིས་རྒན་རྒོན་གྱི་ལུས་ཁམས་བདེ་སྲུང་ལུས་རྩལ་བྱེད་སྒོ་སྤེལ་བཞིན་པ།