ཉེ་ཆར། བོད་ལྗོངས་དེང་རབས་བུད་མེད་དང་བུ་བཙའི་སྨན་ཁང་ཏང་ཀྲི་པུའུ་ཡིས་ཁྲེང་ཀོན་ཆུས་གྲྭ་བཞི་ཁྲོམ་གཞུང་དང་མཉམ་དུ་བདེ་ཐང་སློབ་གསོ་དྲིལ་བསྒྲགས་དང་གཟུགས་གཞི་བརྟག་དཔྱད་ཀྱི་བྱེད་སྒོ་སྤེལ་བ་རེད། བྱེད་སྒོའི་རིང་། སྨན་བཅོས་རིགས་གཅིག་མཁས་ཅན་སྡེ་ཁུལ་དུ་བསྐྱོད་དེ་བདེ་ཐང་འཆད་ཁྲིད་དང་། བདེ་ཐང་བློ་འདྲི། འོས་འགན་སྨན་བཅོས་སོགས་བྱས་པ་དང་། རྒན་རྒོན་གྱི་བདེ་སྲུང་དང་། རྒན་རྒོན་གྱི་ནད་འགོག་བཅོས། བདེ་ཐང་སླར་གསོ་སོགས་ཀྱི་ནང་དོན་ལ་གཙོ་གནད་ཐོག་འགྲེལ་བཤད་བརྒྱབ་ནས་བུད་མེད་སྒྲིག་འཛུགས་བྱས་ཏེ་གཟུགས་པོར་བརྟག་དཔྱད་བྱས་ཤིང་། འདི་ནི་སྨན་པས་རྒན་རྒོན་ལ་བརྟག་དཔྱད་བྱེད་བཞིན་པ།