《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月15日

རྫ་ཡུལ་རྫོང་རྫ་ཡུལ་རོང་སྟོད་གྲོང་རྡལ་གྱིས།

“གཅིག་འཐུས་རྣམ་པའི”འདུམ་འགྲིག་ལྟེ་གནས་བཏོད་དེ་འགལ་བ་དང་རྩོད་གཞི་སྣ་ཚོགས་བསལ་བ།

འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་གློག་འཕྲིན་འབྱོར་གསལ། ཉེ་བའི་ལོ་ཤས་རིང་། རྫ་ཡུལ་རྫོང་རྫ་ཡུལ་རོང་སྟོད་གྲོང་རྡལ་གྱི“གཅིག་འཐུས་རྣམ་པའི”འགལ་བ་དང་རྩོད་གཞི་འདུམ་འགྲིག་ལྟེ་གནས་ཀྱིས་འགལ་བ་དང་རྩོད་གཞི་འགོག་ཟོན་དང་སེལ་བའི་ལམ་ལུགས་དང་ལམ་སྲོལ་ལེགས་སུ་གཏོང་བ་དང་གསར་དུ་བཏོད་དེ་ལས་སྟེགས་ཀྱི་འདེགས་སྐྱོར་དང་། ལམ་སྲོལ་གྱི་འདེགས་སྐྱོར། མ་ལག་གི་འདེགས་སྐྱོར་བཅས་མཐའ་འཁྱོངས་བྱས་ནས་སྤྱི་ཚོཌ་བཅོས་སྐྱོང་གི་སྟོབས་ཤུགས་སྤྱི་འདོམས་བསྡུ་སྒྲིལ་གྱིས་གཅིག་འཐུས་རྣམ་པའི་འགལ་བ་འདུམ་འགྲིག་ལྟེ་གནས་དེ་འགལ་བ་དང་རྩོད་གཞི་ཐག་གཅོད་ཀྱི་འཐབ་ས་མདུན་མ་ཞིག་ཏུ་ཧུར་ཐག་བཏོད་ཡོད།

འབྱུང་རྩ་ནས་འགོག་ཟོན་གྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས། སྤྱི་མི་དང་། དྲ་མིག་པ། གྲོང་རྡལ་དང་གྲོང་ཚོའི་ལས་བྱེད་པ་བཅས་སྒྲིག་འཛུགས་བྱས་ཏེ་རྒྱུན་རྣམ་ཅན་གྱི་སྒོ་ནས་འགལ་བ་དང་རྩོད་གཞིར་གྲལ་བཤེར་ཆེན་པོ་བྱས་པ་མ་ཟད། ནུས་ཤུགས་ཡོད་རྒུས་བསལ་བས་འགལ་བ་དང་རྩོད་གཞི་ཐོན་མ་ཐག་ཏུ་སེལ་ཐུབ་པ་བྱུང་ཡོད།“གྲོང་ཚོ་རིམ་པའི་ཉིན་རེའི་གྲལ་བཤེར་དང་། ཟླ་རེའི་སྐོར་གཡེང་ཞིབ་བཤེར། གྲོང་རྡལ་རིམ་པའི་མཉམ་འབྲེལ་ཞིབ་བཤེར་བཅས”ཀྱི་ལམ་ལུགས་བཟོས་ཤིང་། 2024ལོའི་དུས་ཚིགས་དང་པོར་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་དང་། མང་ཚོགས་ཀྱི་རེ་ཞུ། འགལ་བའི་གནད་དོན། རྨང་གཞིའི་སྒྲིག་བཀོད་སོགས་ཀྱི་སྐོར་ཚུད་པའི་བསམ་འཆར་དང་གྲོས་འགོ་ཁག་49བསྡུ་ལེན་བྱས་པ་རྣམས་མིག་སྔར་མཐུན་སྦྱོར་དང་ཐག་གཅོད་ཧུར་ཐག་བྱེད་བཞིན་ཡོད་པ་རེད།

མ་ལག་འདེགས་སྐྱོར་དུ་བྱས་ནས་ལྟེ་གནས་ཚད་ལྡན་ངང་འཁོར་སྐྱོད་ཡོང་བར་རམ་འདེགས་བྱས་ཤིང་། རྫ་ཡུལ་རོང་སྟོད་གྲོང་རྡལ་གྱིས་འགན་འཁྲིའི་མ་ལག་ཁ་གསལ་བཟོ་བ་དང་། གནད་དོན་ལ་ལྟ་སྐུལ་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་སྟེ། འགལ་བ་དང་རྩོད་གཞི་སེལ་བའི་ལས་དོན་ལམ་ལུགས་ཅན་དང་། ཚད་ལྡན་ཅན་དུ་བསྒྱུར་ནས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་དུས་ཐོག་ཏུ་བརྡ་ལན་ཧུར་ཐག་ཞུས་ཏེ། “དོན་ཆུང་གྲོང་ཚོ་ནས་ཐག་གཅོད་དང་། དོན་ཆེན་གྲོང་རྡལ་ནས་ཐག་གཅོད་ཡོང་བར་བྱས་ཏེ་འགལ་བ་གོང་རིམ་ལ་མི་སྤྲོད་པའི”འགན་ལེན་བྱས་ཡོད།