འདི་ག་ཚགས་པར་ཁང་དུ་ནག་ཆུ་ནས་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་ནུས་རྒྱུ་ཚོགས་པས་སྙན་རོང་རྫོང་ལ་ཁ་གཏད་རོགས་སྐྱོར་བྱེད་སྐབས། “རིག་ལྡན་སྡེ་ཁུལ”འཛུགས་སྐྱོང་བྱེད་པ་དམིགས་ཡུལ་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་2023ལོའི་ཟླ་7པར་སྙན་རོང་རྫོང་ཉི་མ་ཤང་དུ་སྙན་རོང་རྫོང་ཉི་མ་ཤང་གསང་ཡོམ་གྲོང་ཚོའི“ཐཱན་མེད”མཛེས་ལྡན་གྲོང་གསེབ་འཛུགས་སྐྲུན་གྱི་དུས་ཐེངས་དང་པོའི་རྣམ་གྲངས་ལག་བསྟར་བྱས་པ་རེད།
རྣམ་གྲངས་དེ་ནི་སྙན་རོང་རྫོང་གི་འོད་ཤུགས་དྲོད་འདོན་གྱི་ཚོད་ལྟའི་ལས་གྲྭ་ཞིག་ཡིན་པ་དང་དེར་མ་དངུལ་བསྡོམས་འབོར་སྒོར་ཁྲི་300ལྷག་ཙམ་བཏང་ཡོད་པ་རེད།
རྣམ་གྲངས་ལ་སྤྱད་པའི“འོད་ཤུགས་+གློག་དྲོད”ཀྱི་འཁོར་སྐྱོད་བྱེད་སྟངས་དེས། ས་གནས་དེ་གའི་བསྐྱར་སྐྱེས་ཐོན་ཁུངས་བེད་སྤྱོད་གང་ལེཌ་ཐུབ་པ་མ་ཟད། གློག་བེད་སྤྱོད་འཚམ་ན་གློག་བེད་སྤྱོད་བྱེད་པའི་རྩ་དོན་གཞིར་བཟུང་། མང་ཚོགས་ཁག་གཅིག་ལ་དགུན་དུས་གཙང་སྦྲ་དོད་པའི་དྲོད་མཁོ་འདོན་ཐུབ་པ་དང་། འོད་ཤུགས་གློག་གཏོང་རང་སྤྱོད་ཐུབ་པ། འབུད་རྫས་ཀྱི་མ་གནས་ཉུང་དུ་བཏང་བ། གློག་རིན་དང་འབུད་རྫས་ཀྱི་འགྲོ་གྲོན་གྲོན་ཆུང་ཐུབ་པ་བཅས་བྱུང་ཡོད།