《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月15日

མངའ་རིས་ཀྱི་ལིས་ཐོན་ལས་ཀྱི་ཚོང་འགུགས་མ་འདྲེན་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ།

འདི་ག་ཚགས་པར་ཁང་དུ་སེང་གེ་ཁ་འབབ་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། ནན་ཅིང་དུ་འཚོགས་པའི“‘ལིས’མཉམ་སྤྱོད་བྱས་ནས་མཉམ་ལས་གཉིས་ཁེ་ཡོང་བར་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་བོད་རང་སྐྱོང་ལྗོངས་ཀྱི་ནུས་རྒྱུ་གསར་པ·ལིས་ཐོན་ལས་ཀྱི་ཚོང་འགུགས་མ་འདྲེན་གྱི་འོས་སྦྱོར་ཚོགས་འདུའི་ཐོག མངའ་རིས་ས་ཁུལ་རུ་ཐོག་རྫོང་གིས་བོད་ལྗོངས་ཧྲེན་ནེང་ཀྲུང་ཁའེ་ནུས་རྒྱུ་གསར་པ་ཚད་ཡོད་ཀུང་སི་དང་ཚོང་འགུགས་མ་འདྲེན་གྱི་སྒྲོམ་གཞིའི་གྲོས་མཐུན་བཞག་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར་11.25ཟིན་ཡོད། རྣམ་གྲངས་ལ་གན་རྒྱ་བདེ་བླག་ཏུ་བཞག་པ་དེ་ཐོག་ནས་མངའ་རིས་ས་ཁུལ་གྱི་ལིས་ཐོན་ལས་འཁོར་འབྲེལ་འཕེལ་རྒྱས་ལ་ཚད་བརྒལ་གསར་པ་བྱུང་བ་མཚོན་ཡོད།