འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་གློག་འཕྲིན་འབྱོར་གསལ། ཉེ་བའི་ལོ་ཤས་རིང་། རྫ་ཡུལ་རྫོང་གིས“སྲིད་གཞུང་གིས་ཁྲིད་སྟོན་དང་། ཁྲོམ་རས་འཁོར་སྐྱོད། རང་རྟེན་རང་མོས། མཐུན་སྦྱོར་སྐུལ་འདེད”བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ནས། “རྒྱ་ཁྱོན་ཆེར་གཏོང་དང་། ཐོན་རྫས་མང་གཏོང་། ཚད་གཞི་མཐོར་གཏོང”བཅས་ཀྱི་བླང་བྱ་གཞིར་བཟུང་། འགན་བཅོལ་ལས་རིགས་ཀྱི་ཉེན་ཁ་འགན་ལེན་དང་དཔལ་འབྱོར་ཁ་གསབ་ཀྱི་ནུས་པ་ཏན་ཏིག་བཏོན་ཏེ། སྲིད་ཇུས་རང་བཞིན་གྱི་ཞིང་ལས་འགན་བཅོལ་ལས་དོན་དོན་འཁྱོལ་ཞིབ་ཕྲ་བྱས་ནས་ཞིང་ལས་ཐོན་སྐྱེད་ཀྱི“འགན་ལེན་དྲ་བའི”ཚགས་མུ་མཐུད་དམ་དུ་བཏང་སྟེ་ཞིང་འབྲོག་པ་བློ་བདེ་བག་ཕེབས་ཡོང་བར་བྱས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔའི་བར་རྫ་ཡུལ་རྫོང་དུ་ནས་དང་། གྲོ པད་ཁ། མ་རྨོས་ལོ་ཏོག འབྲས། ཞོག་ཁོག་བཅས་དང་དེ་བཞིན་ནོར་དང་། ལུག རྒྱུད་སྤེལ་ཕག་མོ། སྡོམ་གསོས་ཕག་པ་དང་ད་དུང་ཞིང་འབྲོག་པའི་སྡོད་ཁང་དང་། སྔོ་ཚལ་དྲོད་ཁང་། དྲོད་ཁང་ཆེ་མོའི་སྒྲོམ་གཞི་གཙོ་བོ་སོགས་སྲིད་ཇུས་རང་བཞིན་གྱི་ཞིང་ལས་འགན་བཅོལ་རིགས་14ཁྱབ་གདལ་བཏང་བ་དེའི་ནང་ཞིང་འབྲོག་རིགས་ཀྱི་འགན་བཅོལ་རིགས་ཚང་མའི་འགན་ལེན་ཚུད་ཡོད། གྲངས་གཞི་ལས་མངོན་པར། 2023ལོར་རྫ་ཡུལ་རྫོང་གི་རྫོང་ཡོངས་སུ་སྲིད་ཇུས་རང་བཞིན་གྱི་ཞིང་ལས་འགན་བཅོལ་གྱི་གུན་གསབ་དངུལ་འབོར་ཐེངས་1639སྤྲད་པར་གུན་གསབ་དངུལ་འབོར་སྒོར་ཁྲི་562.99ཟིན་ཡོད།