ཆབ་སྲིད་ཀྱི་སྒྲིག་ཁྲིམས་ལ་བཟོ་བཅོས་བརྒྱབ་པའི་ནང་དོན་གཙོ་བོ།
● ཏང་ཀྲུང་དབྱང་གི་བཀོད་པ་ལུང་དུ་འགྲོ་བའི་འགན་ལེན་བྱེད་པའི་སྒྲིག་ཁྲིམས་དོན་ཚན་འཐུས་སྒོ་ཚང་དུ་བཏང་བ།
དོན་ཚན་ང་དྲུག་པའི་ནང་ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་ལ་མི་བལྟོས་པར་སྡེ་ཚན་ནམ་ཡང་ན་ས་གནས་ཀྱི་སྲུང་སྐྱོང་རིང་ལུགས་སྤེལ་བའི་ཆད་གཅོད་གཏན་འབེབས་ཁ་སྣོན་བརྒྱབ་སྟེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་བསྟར་རྒྱུ་རྣམ་འགྱུར་སྟོན་པ་ཙམ་ལས་དོན་འཁྱོལ་མི་བྱེད་པའི་བྱེད་སྤྱོད་དེ་ལས་དོན་གྱི་སྒྲིག་ཁྲིམས་ལས་འགལ་བ་ནས་ཆབ་སྲིད་ཀྱི་སྒྲིག་ཁྲིམས་ལས་འགལ་བའི་བར་ལེགས་སྒྲིག་བྱས་པ།
● ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་གི“འཕེལ་རྒྱས་ཀྱི་བཀོད་པ་གསར་པ་མགྱོགས་མྱུར་འཛུགས་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བའི”སྐོར་གྱི་བླང་བྱ་དོན་འཁྱོལ་བྱེད་པ།
ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བར་ནོར་འཁྲུལ་བྱུང་བ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་དང་རྒྱབ་འགལ་བྱས་པའི་ཆད་གཅོད་གཏན་འབེབས་འཐུས་སྒོ་ཚང་དུ་བཏང་སྟེ། མི་རྒྱུ་གཉིས་འཕྲོ་བརླག་འགྲོ་བའི“རྟགས་མཚོན་ལས་གྲྭ”དང“སྲིད་དོན་ལས་རྗེས་ཀྱི་འདུ་འགོད”སྤེལ་བའི་བྱེད་སྤྱོད་དེ་མང་ཚོགས་ཀྱི་སྒྲིག་ཁྲིམས་ལས་འགལ་བ་ནས་ཆབ་སྲིད་ཀྱི་སྒྲིག་ཁྲིམས་ལས་འགལ་བའི་བར་ལེགས་སྒྲིག་བྱས་པ།
● ཏང་ལ་བློ་དཀར་སེམས་དཀར་མིན་པ་དང་གཞུང་དྲང་མིན་པ་དང་། ཏང་གི་མཐུན་སྒྲིལ་གཅིག་གྱུར་ལ་གཏོར་བཤིག་གཏོང་བའི་ཆད་གཅོད་ཀྱི་དོན་ཚན་འཐུས་སྒོ་ཚང་དུ་བཏང་བ།
ཆབ་སྲིད་ཀྱི་རྒྱབ་རྩ་བྱེད་པ་དང་། ཆབ་སྲིད་ཀྱི་མགོ་སྐོར་གཏོང་མཁན་དང་གྲོགས་པོ་སྒྲིག་པ་སོགས་བྱེད་སྤྱོད་ཀྱི་ཆད་གཅོད་གཏན་འབེབས་ཁ་སྣོན་བརྒྱབ་པ།
● སྒྲིག་སྐྱོང་ལྟ་སྐུལ་བྱེད་རིང་ཤེས་རྟོགས་བྱུང་བའི་གནད་དོན་ལ་དམིགས་པ།
ཆབ་སྲིད་ཀྱི་གནད་དོན་ཚབས་ཆེན་ཡོད་པའི་དཔྱད་གཞིའི་ཡིག་རིགས་རང་དགར་ལྟ་ཉན་དང་གནས་ཚུལ་ཚབས་ཆེ་བའི་བྱེད་སྤྱོད་ཀྱི་ཆད་གཅོད་གཏན་འབེབས་ཁ་སྣོན་བརྒྱབ་པ།
ཏང་ཡོན་གྱིས་ཆོས་དད་བྱེད་པ་དང་མི་སྒེར་གྱིས་རྨོངས་དད་བྱེད་སྒོ་སྤེལ་བའི་བྱེད་སྤྱོད་ཀྱི་ཐག་གཅོད་ཀྱི་ཆད་གཅོད་དོན་ཚན་སྔར་བས་འཐུས་སྒོ་ཚང་དུ་བཏང་བ།