《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月15日

རྒྱལ་ཡོངས་ཀྱི་དམངས་ཡོངས་ལུས་སྦྱོང་འགྲན་བསྡུར་ཆེན་པོའི(ལྷོ་ནུབ་ཁུལ)བོད་རང་སྐྱོང་ལྗོངས་ཀྱི་ལན་ཆིའུ་སྤོ་ལོའི་འདེམས་སྒྲུག་འགྲན་བསྡུར་འགོ་ཚུགས་པ།

ཟླ་5ཚེས་10ཉིན། རང་ལྗོངས་ཀྱི་མི་གསུམ་ཅན་གྱི་ལན་ཆིའུ་སྤོ་ལོའི་རུ་ཁག་བཅུ་གཅིག་དང་མི་ལྔ་ཅན་གྱི་ལན་ཆིའུ་སྤོ་ལོའི་རུ་ཁག་བཞི་ལྷ་སར་འདེམས་སྒྲུག་འགྲན་བསྡུར་ལ་ཞུགས་པ་རེད། མཇུག་མཐར་ཨང་དང་པོ་ཐོབ་མཁན་གྱི་རུ་ཁག་རྨང་གཞིར་བྱས་ཏེ་མི་གསུམ་ཅན་དང་མི་ལྔ་ཅན་གྱི་ལན་ཆིའུ་སྤོ་ལོའི་རུ་ཁག་རེ་བདམས་ནས་བོད་ལྗོངས་ཀྱི་འཐུས་མི་བྱས་ཏེ་རྒྱལ་ཡོངས་ཀྱི་དམངས་ཡོངས་ལུས་སྦྱོང་འགྲན་བསྡུར་ཆེན་པོ(ལྷོ་ནུབ་ཁུལ)ཡི་ལན་ཆིའུ་སྤོ་ལོའི་འགྲན་བསྡུར་སྐབས་དང་པོར་ཞུགས་རྒྱུ་ཡིན་ཞིང་། འདི་ནི་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་རུ་ཁག་གི་རུ་མི་ཧོང་ཝེ(དཀྱིལ)ཡིས་འགྲན་བསྡུར་བྱེད་བཞིན་པ།