ཉིན་ཤས་གོང་ཀྲུང་གོ་ལྷོ་ཕྱོགས་མཁའ་འགྲུལ་ཚོགས་པ་ཚད་ཡོད་ཀུང་སིས་ཧྲེན་ཀྲེན་དུ་མཛད་སྒོ་འཚོགས་ནས་ཁྱབ་བསྒྲགས་བྱས་དོན། ཧྲེན་ཀྲེན་ནས་མོ་ཞི་ཁོ་གྲོང་ཁྱེར་བར་གྱི་ཐད་གཏོང་འགྲུལ་སྐྱེལ་མཁའ་ལམ་ཚེས་11ཉིན་ནས་བཟུང་དངོས་སུ་ཤར་གཏོང་ཐུབ་པ་དང་། མཁའ་ལམ་དེའི་སྤྱིའི་རིང་ཚད་ལ་སྤྱི་ལེ་14000ལྷག་ཙམ་ཡོད། ཡོངས་བསྒྲགས་གྲངས་གཞིར་དབྱེ་ཞིབ་བྱས་པ་ལས་མངོན་པར། ཀྲུང་གོའི་དམངས་སྤྱོད་མཁའ་འགྲུལ་གྱི་རྒྱལ་སྤྱིའི་ཐད་གཏོང་འགྲུལ་སྐྱེལ་མཁའ་ལམ་རིང་ཤོས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད་ལ་མིག་སྔར་ཀྲུང་གོའི་ནང་ས་དང་དེ་བཞིན་ཤང་ཀང་། ཨའོ་མོན། ཐའེ་དབན་བཅས་ས་ཁུལ་ནས་མོ་ཞི་ཁོ་དང་ཐ་ན་ལ་ཏིང་མེ་གླིང་ཧྲིལ་པོར་ཐད་གཏོང་འགྲུལ་སྐྱེལ་མཁའ་ལམ་འབའ་ཞིག་དེའང་ཡིན་པ་རེད། འདི་ནི་ཧྲེན་ཀྲེན་པའོ་ཨན་རྒྱལ་སྤྱིའི་གནམ་ཐང་དུ་ཧྲེན་ཀྲེན་ནས་མོ་ཞི་ཁོ་གྲོང་ཁྱེར་བར་ཐད་གཏོང་གནམ་གྲུར་ཞུགས་མཁན་འགྲུལ་པས་དྲན་རྟེན་པར་རྒྱག་བཞིན་པ།