《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2024年05月13日

རྒས་དུས་གསོ་མཁན་ཡོད་པ།

ཉེ་བའི་ལོ་ཤས་རིང་། ཧྲན་ཏུང་ཞིང་ཆེན་རི་ཀྲའོ་གྲོང་ཁྱེར་ལན་ཧྲན་ཆུས་ཀྱིས་རྒན་གསོའི་བྱེད་སྟངས་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ཏེ། “ཆུས་ཀྱི་ནོར་སྲིད་དང་། གྲོང་ཚོ་རིམ་པའི་མཉམ་སྡེབ། སྤྱི་ཚོགས་ཀྱི་ལས་རིགས་ཁག རྒན་རྒོན་གྱི་བུ་ཕྲུག་བཅས་ཟུང་དུ་འབྲེལ་བའི”མཉམ་སྐྲུན་གྱི་ལམ་སྲོལ་ལ་བརྟེན་ནས་གྲོང་ཚོ(སྡེ་ཁུལ)རིམ་པའི་རྒན་གསོའི་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་ཤིག་བསྐྲུན་ཞིང་། རྒན་གསོའི་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་སུ་ངལ་གསོ་ཁང་དང་། ཟ་ཁང་། རོལ་རྩེད་ཁང་། ལུས་སྦྱོང་བདེ་ཐང་སླར་གསོ་ཁང་། ཕྱི་རོལ་བྱེད་སྒོའི་ཐང་ཆེན་བཅས“ཁང་བཞི་དང་ཐང་གཅིག”བསྐྲུན་ནས་ལོ་75ཡན་གྱི་རྒན་རྒོན་ལ་ཁ་ལག་དང་། སྨན་བཅོས། རོལ་རྩེད། ཁྱིམ་སྡོད་བཅས་ལ་རོགས་རམ་བྱེད་པའི་ཕྱོགས་བསྡུས་རྒན་གསོའི་ཞབས་འདེགས་ཞུ་གི་ཡོད། འདི་ནི་ཧྲན་ཏུང་ཞིང་ཆེན་རི་ཀྲའོ་གྲོང་ཁྱེར་ལན་ཧྲན་ཆུས་ཧུའུ་ཧྲན་གྲོང་རྡལ་ཧོང་ཅ་ཡུས་གྲོང་ཚོའི་རྒན་གསོའི་ཞབས་ཞུའི་ལྟེ་གནས་སུ་ལས་དོན་པས་རྒན་འཁོགས་གཉིས་ལ་ལུས་གསོ་བྱེད་པའི་གནས་ཚུལ་ཡིན་པ།