《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2024年05月11日

↑ ཉིན་ཤས་གོང་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་ལྷ་ས་གྲོང་ཁྱེར་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་ཀྱིས་རོགས་གཉེར་བྱས་པའི“དམངས་ཡོངས་ལུས་སྦྱོང་བྱས་ནས་ལེའུ་གསར་རྩོམ། མཉམ་དུ་ལུས་སྦྱོང་བྱས་ནས་མ་འོངས་ཕྱོགས་སུ་སྐྱོད”ཅེས་པའི་ལྷ་ས་གྲོང་ཁྱེར་གྱི་ལས་གསེང་ལུས་སྦྱོང་འགྲན་བསྡུར་སྐབས་ལྔ་པ་ལྷ་ས་གྲོང་ཁྱེར་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་ཀྱི་ལན་ཆིའུ་སྤོ་ལོའི་འགྲན་རར་འགོ་ཚུགས་པ་རེད། འགྲན་རའི་ཐོག་འགྲན་ཞུགས་རུ་མི་ཚོ་གྲུང་ཤ་དོད་པ་དང་། སྟངས་སྟབས་མཛེས་ཉམས་ལྡན་པ། ཕྱག་རྒྱ་གྲལ་སྒྲིག་པ་བཅས་ལས་ལྷ་ས་གྲོང་ཁྱེར་གྱི་ལས་བྱེད་པ་དང་ལས་བཟོའི་འབད་འབུངས་ཡར་བརྩོན་གྱི་བསམ་པའི་ཉམས་འགྱུར་མངོན་ཡོད། འདི་ནི་ལྷ་ས་གྲོང་ཁྱེར་གྱི་ལས་གསེང་ལུས་སྦྱོང་འགྲན་བསྡུར་སྐབས་ལྔ་པའི་འགྲན་བསྡུར་བྱ་ཡུལ་ཡིན་པ།