《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2024年05月11日

མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་སོང་ནས་མང་ཚོགས་ཀྱི་ཡོང་འབབ་མང་དུ་ཕྱིན་པ།

ཉེ་བའི་ལོ་ཤས་རིང་གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་ར་སོག་ཤང་ནོར་ཁང་གྲོང་ཚོའི་ཏང་ཀྲི་པུའུ་ཡིས་སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྣེ་ཁྲིད་བྱས་པ་དང་། བསམ་ཕྱོགས་གསལ་པོ་བཟོས་ནས་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་བཏང་བ། གྲོང་ཚོའི་མཉམ་སྡེབ་འཛུགས་སྐྲུན་ཚད་ཡོད་ཀུང་སི་དང་། ངལ་ནུས་ཕྱིར་གཏོང་མཉམ་ལས་ཁང་། ཞིང་འཕྲུལ་བོགས་གཏོང་མཉམ་ལས་ཁང་། བ་གསོའི་ཆེད་ལས་མཉམ་ལས་ཁང་། བལ་ལས་སྣོན་མཉམ་ལས་ཁང་། སྐྱེ་ཁམས་འདེབས་འཛུགས་མཉམ་ལས་ཁང་། ལས་རིགས་རྩལ་ནུས་གསོ་སྦྱོང་སློབ་གྲྭ་སོགས་ཕྱོགས་7གྱི་ཐོན་ལས་འཕེལ་རྒྱས་ཀྱི་ཐབས་ལམ་འཚོལ་ཞིབ་བྱས་པས་མང་ཚོགས་སྒོ་འགྲམ་ནས་ལས་ཞུགས་ཐུབ་པ་མ་ཟད། ད་དུང་ཡོང་འབབ་བརྟན་པོ་བྱུང་ནས་ཕྱུག་པོར་གྱུར་བ་རེད། འདི་ནི་ར་སོག་ཤང་ནོར་ཁང་གྲོང་ཚོའི་གྲོང་མིས་བཞོན་མ་གསོ་སྤེལ་རྟེན་གཞིར་མར་འདོན་བཞིན་པ།