《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2024年05月11日

“ལྔ་གཅིག”གུང་གསེང་རིང་རང་ལྗོངས་ཀྱི་དྲ་རྒྱའི་སིལ་ཚོང་དུས་མཚུངས་ལས་32.8%འཕར་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་5ཚེས་9ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར“ལྔ་གཅིག”གུང་གསེང་རིང་རང་ལྗོངས་ཀྱི་དྲ་རྒྱའི་སིལ་ཚོང་སྒོར་དུང་ཕྱུར་5.2ཟིན་པ་དེ་དུས་མཚུངས་ལས་32.8%འཕར་བ་ལས་དངོས་རྫས་ཚོང་ཟོག་སིལ་ཚོང་སྒོར་དུང་ཕྱུར་4.3ཟིན་ནས་དུས་མཚུངས་ལས་39.4%འཕར་ཡོད། གུང་གསེང་རིང་རང་ལྗོངས་ཀྱི་ཐད་གཏོང་དྲ་ཐོག་ཚོང་དོན་དཔལ་འབྱོར་ཡང་མགྱོགས་མྱུར་འཕར་ནས་སིལ་ཚོང་སྒོར་དུང་ཕྱུར་1.04ཟིན་པ་དེ་དུས་མཚུངས་ལས་67.5%འཕར་ཡོད།

དངོས་རྫས་དྲ་ཐོག་སིལ་ཚོང་ཁྲོད་རིན་ཆེན་རྒྱན་ཆ་དང་། བཟའ་བཅའ་དང་བཏུང་བྱ། གོས་འཁྲུད་འཕྲུལ་ཆས། དབྱར་རྩྭ་དགུན་འབུ། ཚགས་ཤ་སྐམ་པོ། བུད་མེད་ཀྱི་གྱོན་ཆས་སོགས་ཚོང་ཟོག་ཕྱིར་ཚོང་བྱེད་ཚད་མདུན་གྲལ་དུ་སླེབས་ཡོད། ཡུལ་ཟོག་བྲིན་ཚད་རིམ་བཞིན་མང་དུ་ཕྱིན་པ་དཔེར་ན། བོད་དངུལ་དང་གཡུ་སོགས་རིན་ཆེན་རྒྱན་ཆ་སྣ་ཚོགས་དང་དེ་བཞིན་དབྱར་རྩྭ་དགུན་འབུས་མཚོན་པའི་བཅུད་རྫས་སྣ་ཚོགས་ལ་འཛད་སྤྱོད་པས་དགའ་པོ་བྱེད་ཀྱི་ཡོད་པ་རེད།

དངོས་རྫས་མིན་པའི་དྲ་རྒྱའི་སིལ་ཚོང་ཁྲོད་རང་ལྗོངས་ཀྱི་དྲ་ཐོག་བཟའ་བཏུང་དང་ཡུལ་སྐོར་མགྱོགས་མྱུར་འཕར་ཞིང་། “ལྔ་གཅིག”གུང་གསེང་རིང་རང་ལྗོངས་ཀྱི་དྲ་ཐོག་ཟ་ཁང་ནས་རྡེབ་ཉོ་འཛད་སྤྱོད་བྱེད་ཚད་དུས་མཚུངས་ལས་70%ལྷག་ཙམ་འཕར་ཡོད་ཅིང་། དངོས་རྫས་མིན་པའི་ཚོང་ཟོག་དྲ་རྒྱའི་སིལ་ཚོང་ཁྲོད་ཡུལ་སྐོར་དྲ་ཐོག་ཚོང་དོན་འཕེལ་རྒྱས་མགྱོགས་སུ་འགྲོ་བཞིན་ཡོད་པ་རེད། (གནམ་ཕྱུག་རྒྱལ་གྱིས་བསྒྱུར། ཉི་དོན་གྱིས་ཞུས)