《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2024年05月11日

ལྗོངས་ཡོངས་ཀྱི་རྫོང(ཆུས་དང་གྲོང་ཁྱེར)ཁྲིམས་འཛིན་ཅུས་ཀྱི་ཅུས་ཀྲང་ གི་གསོ་སྦྱོང་འཛིན་གྲྭ་གཉེར་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གིས་གཙོ་གཉེར་དང་ཀྲེ་ཅང་ཉེན་རྟོག་དཔོན་ལས་རིགས་སློབ་གླིང་གིས་རོགས་གཉེར་བྱས་པའི་ལྗོངས་ཡོངས་ཀྱི་རྫོང(ཆུས་དང་གྲོང་ཁྱེར)ཁྲིམས་འཛིན་ཅུས་ཀྱི་ཅུས་ཀྲང་གི་གསོ་སྦྱོང་འཛིན་གྲྭ་ཀྲེ་ཅང་ཧང་ཀྲོའུ་རུ་གཉེར་བ་རེད།

ད་ཐེངས་ཀྱི་གསོ་སྦྱོང་ནང་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་། སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་དང་དོ་དམ། ཁྲིམས་ལུགས་ཁྱབ་གདལ་དང་ཁྲིམས་ལྟར་བཅོས་སྐྱོང་། སྡེ་ཁུལ་གྱི་ཡོ་བསྲང་དོ་དམ་དང་འདུམ་འགྲིག ཁྲིམས་འཛིན་སུའོ་འཛུགས་སྐྲུན་དང་དེ་བཞིན་བཀོད་སྒྲིག་དང་རོགས་རམ་སློབ་གསོ་སོགས་ཀྱི་ལས་སྒོའི་ཤེས་བྱར་དམིགས་ནས། ཁྲིམས་འཛིན་པུའུ་ཡི་སྐུལ་སྤེལ་ཁྲིམས་སྐྱོང་ཅུས་དང་སྡེ་ཁུལ་ཡོ་བསྲང་དོ་དམ་ཅུས་ཀྱི་འབྲེལ་ཡོད་ལས་སྒོ་ཁྲུའུ་ཡི་འགན་འཁུར་བ་དང་དེ་བཞིན་རྒྱལ་ཡོངས་མི་དམངས་འདུམ་འགྲིག་པའི་མཐུན་ཚོགས་དང་། ཀྲེ་ཅང་ཞིང་ཆེན་ཁྲིམས་འཛིན་ཐིང་། ཀྲེ་ཅང་སློབ་ཆེན། ལྷོ་ནུབ་སྲིད་ཁྲིམས་སློབ་ཆེན་བཅས་ཀྱི་འབྲེལ་ཡོད་རིགས་གཅིག་མཁས་ཅན་དང་ལས་སྒོའི་རྐང་འཛིན་པ་གདན་དྲངས་ནས་སློབ་ཁྲིད་བྱས་པ་རེད། གསོ་སྦྱོང་འཛིན་གྲྭས་སློབ་མ་ཀྲེ་ཅང་ཧྥེང་ཆའོ་ཉམས་མྱོང་སྒྲིག་གཤོམ་ཁང་དང་། ཧྥེང་ཆའོ་རྣམ་པའི་ཁྲིམས་འཛིན་སུའོ། སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་ལྟེ་གནས། མི་དམངས་འདུམ་འགྲིག་ཨུ་ལྷན། ཧྥེང་ཡོན་གྲོང་ཚོའི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས། སྡེ་ཁུལ་གྱི་ཡོ་བསྲང་ལྟེ་གནས། སྤྱི་ཚོགས་བཅོས་སྐྱོང་ལྟེ་གནས། རྒྱལ་ཁབ་རིམ་པའི་དམངས་གཙོ་ཁྲིམས་སྐྱོང་གི་དཔེ་སྟོན་གྲོང་ཚོ། ཁྲིམས་སྐྱོང་རིག་གནས་གྲོང་རྡལ་ཆུང་ངུ་སོགས་སུ་སློབ་ཁྲིད་བྱས་པ་རེད། གསོ་སྦྱོང་འཛིན་གྲྭས་ད་དུང་སྤེལ་རེས་དང་བགྲོ་གླེང་དང“སློབ་མའི་འཆད་ཁྲིད་ཁང་ཆེན་པོ”སོགས་ཀྱི་བྱེད་སྒོ་སྤེལ་ཞིང་། རང་ལྗོངས་ཀྱི་རྫོང(ཆུས་དང་གྲོང་ཁྱེར)ཁྲིམས་འཛིན་ཅུས་ཀྱི་ཅུས་ཀྲང་གི་འཐུས་མི་7གྱིས་སྤེལ་རེས་གཏམ་བཤད་བྱས་པ་རེད།

ད་ཐེངས་ཀྱི་གསོ་སྦྱོང་ནང་རིགས་པའི་གཞུང་ལུགས་དང་ལག་ལེན་གཅིག་རམ་གཅིག་འདེགས་བྱས་ཏེ“ཕྱིར་སྐྱོད”སློབ་སྦྱོང་བརྒྱུད་མཐོང་རྒྱ་ཡངས་སུ་དང་འཇོན་ཐང་ཆེ་རུ་ཕྱིན་པ་དང་། བསམ་གཞིག་གི་བློ་སྒོ་ཕྱེ་བས། སྦྱོང་བརྡར་ལ་ཞུགས་མཁན་སློབ་མའི་ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་དང་ལས་སྒོའི་ལག་ལེན་ནུས་པ་སྔར་བས་ཆེ་རུ་ཕྱིན་ཡོད། གསོ་སྦྱོང་ལ་ཞུགས་མཁན་སློབ་མ་ཚོས་གསོ་སྦྱོང་སློབ་ཚན་གྱི་ནང་དོན་ཕུན་སུམ་ཚོགས་ཤིང་དམིགས་སའི་རང་བཞིན་དང་ཉེར་སྤྱོད་རང་བཞིན་ཧ་ཅང་ཆེན་པོ་ཡོད་པས། ད་ཐེངས་ཀྱི་གསོ་སྦྱོང་གོ་སྐབས་སུ་བྱས་ནས་སྦྱངས་པའི་ཤེས་བྱ་དང་ཉམས་མྱོང་ལས་ཀར་དོན་འཁྱོལ་བྱས་ཏེ་གཞི་རིམ་གྱི་ཁྲིམས་འཛིན་སྲིད་འཛིན་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད། ལྗོངས་ཡོངས་ཀྱི་གྲོང་ཁྱེར(ས་ཁུལ)བདུན་གྱི་སྡེ་ཁུལ་གྱི་ཡོ་བསྲང་དོ་དམ་དང་། མི་དམངས་ཁྲིམས་སྐྱོང་ནང་ཞུགས་པ་དང་སྐུལ་འདེད་གཏོང་བ། ཁྲིམས་ལུགས་ཁྱབ་གདལ་དང་ཁྲིམས་ལྟར་བཅོས་སྐྱོང་། སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་དོ་དམ་སོགས་ཀྱི་འབྲེལ་ཡོད་ལས་སྒོའི་ཁོའོ་ཀྲང་དང་རྫོང(ཆུས་དང་གྲོང་ཁྱེར)74ཡི་ཁྲིམས་འཛིན་ཅུས་ཀྱི་ཅུས་ཀྲང་100ལྷག་ཙམ་གསོ་སྦྱོང་ལ་ཞུགས་ཡོད་པ་རེད།

(མཚམས་གཅོད་ཀྱིས་བསྒྱུར། བདེ་དབང་གིས་ཞུས)