《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月09日

2024ལོའི་ལྗོངས་ཡོངས་ཀྱི་ཏང་གི་ལོ་རྒྱུས་སྡེ་ཚན་གྱི་འགན་འཁུར་བ་གཙོ་བོའི་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་5ཚེས་7ཉིན་གནས་ཚུལ་འབྱོར་གསལ། ཚེས་6ཉིན་ལྗོངས་ཡོངས་ཀྱི་ཏང་གི་ལོ་རྒྱུས་སྡེ་ཚན་གྱི་འགན་འཁུར་བ་གཙོ་བོའི་ཚོགས་འདུ་འཚོགས་ནས། ཚོགས་འདུའི་ཐོག་2024ལོའི་རྒྱལ་ཡོངས་ཀྱི་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་སྡེ་ཚན་གྱི་འགན་འཁུར་བ་གཙོ་བོའི་ཚོགས་འདུའི་དགོངས་དོན་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་77པའི་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཏེ། 2023ལོའི་ལྗོངས་ཡོངས་ཀྱི་ཏང་གི་ལོ་རྒྱུས་ལས་དོན་ལ་ཕྱོགས་སྡོམ་བྱས་པ་མ་ཟད། 《ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལས་ཀའི་སྲོལ་ཡིག》ལག་བསྟར་དོན་འཁྱོལ་སོགས་ཀྱི་གཙོ་གནད་ལས་འགན་ཞིབ་འཇུག་བཀོད་སྒྲིག་ཀྱང་བྱས་པ་རེད།

ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། ལྗོངས་ཡོངས་ཀྱི་ཏང་གི་ལོ་རྒྱུས་ལས་དོན་སྡེ་ཚན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆའི་ལས་དོན་ལ་གཅིག་འདོམས་མཐའ་འཁྱོངས་བྱེད་པ་དང་། ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ། བསམ་བློ་དང་བྱ་སྤྱོད་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆའི་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཏང་གི་ལས་དོན་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཞིབ་ཕྲའི་བླང་བྱའི་ཐོག་གཅིག་གྱུར་ཏན་ཏིག་བཅས་བྱེད་དགོས། གཙོ་འགན་གཙོ་ལས་ལ་དམིགས་ནས། ལས་དོན་ཁག་ཏན་ཏིག་ངང་ཡག་པོ་བསྒྲུབས་ཏེ། དུས་རབས་གསར་པའི་ལྗོངས་ཡོངས་ཀྱི་ཏང་གི་ལོ་རྒྱུས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། འགན་འཁྲི་དང་ལས་འགན་བློ་ལ་བརྟན་པོར་ངེས་པ་དང་རང་འགུལ་ངང་འགན་འཁུར་བྱས་རྗེས་འཇོག་པ་དང་། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་བྱེད་པ། “གསར་བརྗེའི་ཁྱིམ་རབས་ཡག་པོ་སྲུང་བ་དང་། གསར་བརྗེའི་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ། གསར་བརྗེའི་གཏམ་རྒྱུད་ཡག་པོ་འབྲི་བ། གསར་བརྗེའི་སྲོལ་རྒྱུན་དྲིལ་བསྒྲགས་དང་དར་སྤེལ་ཡག་པོ་གཏོང་བ”བཅས་ཀྱི་འགན་འཁྲི་ནན་ཏན་སྒྲུབ་པ་བཅས་བྱས་ནས། “འཛུགས་གཏོད་བཞིར”སྐུལ་འདེད་ཧུར་ཐག་གཏོང་བ་དང“མདུན་གྲལ་དུ་སླེབས་པ་བཞི”ཧུར་ཐག་བྱེད་པར་ཏང་གི་ལོ་རྒྱུས་ཞིབ་འཇུག་པས་འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས།