བཟོ་བཅོས་བརྒྱབ་པའི་མང་ཚོགས་སྒྲིག་ཁྲིམས་ཀྱི་ནང་དོན་གཙོ་བོ།
●གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་བླང་བྱ་དོན་འཁྱོལ་བྱེད་རིང་། དབུལ་སྐྱོར་ཁྱབ་ཁོངས་ཀྱི་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་ཁེ་ཕན་བྱ་སྤྱོད་ཅེས་པ་དེ་གྲོང་གསེབ་དར་རྒྱས་ཁྱབ་ཁོངས་ཀྱི་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་ཁེ་ཕན་བྱ་སྤྱོད་ཅེས་པར་བཟོ་བཅོས་རྒྱག་རྒྱུ་དང་།
●ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བར་ཐོག་མཐའ་བར་གསུམ་དུ་གཞིས་ཚུགས་ནས་དགོས་པའི་ལས་མི་བྱེད་པ་དང་། མི་དགོས་པའི་ལས་རྙོག་བཟོ་བ། ལས་ཀ་འགོར་འགྱངས་གཏོང་བ། ལས་ཀ་བྱེད་ཁུལ་བྱེད་པ་སོགས་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་པའི་བྱེད་སྤྱོད་ལ་ཆད་གཅོད་ཀྱི་གཏན་འབེབས་འཐུས་སྒོ་ཚང་དུ་གཏོང་རྒྱུ།
●དམངས་འཚོ་འགན་སྲུང་དང་ལེགས་སུ་ཏན་ཏིག་བཏང་ནས་སྤྱི་ཚོགས་ཀྱི་རོགས་སྐྱོབ་ཁྲོད་གཉེན་ཉེར་ཕྱོགས་ནས་དྲང་གཞག་མངོན་གསལ་མེད་རིགས་ལ་ཆད་པ་གཅོད་པའི་གཏན་འབེབས་འཐུས་སྒོ་ཚང་དུ་གཏོང་རྒྱུ།
བཟོ་བཅོས་བརྒྱབ་པའི་འཚོ་བའི་སྒྲིག་ཁྲིམས་ཀྱི་ནང་དོན་གཙོ་བོ།
▶ སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་བཤད་ཡང་ཡང་གནང་བའི“གྲོན་ཆུང་བསྲི་ཚགས་བྱས་ཏེ་བག་མེད་ལོངས་སྤྱོད་ལ་ངོ་རྒོལ་བྱེད་དགོས་པའི”བླང་བྱ་གལ་ཆེན་དོན་འཁྱོལ་བྱས་ནས་རྒྱ་ཆེའི་ཏང་ཡོན་ཚོར་བབ་ཆགས་ཀྱི་འཚོ་བ་སྐྱེལ་སྟངས་གོང་དུ་བཀུར་བར་ཁྲིད་སྟོན་བྱེད་དགོས།
▶ གཞུང་ལས་པའི་བྱེད་སྒོ་དང་ལས་ཁུངས་ཀྱི་ཟ་ཁང་དུ་བཟའ་བཏུང་འཕྲོ་བརླག་གཏོང་བར་དོ་དམ་འགན་འཛོལ་ཤོར་བ་དང་དེ་བཞིན་འཚོ་བའི་ཁྲོད་བག་མེད་ལོངས་སྤྱོད་ལས་ཤུགས་རྐྱེན་ངན་པ་བཟོས་པའི་བྱེད་སྤྱོད་ལ་ཆད་པ་གཅོད་པའི་གཏན་འབེབས་ཁ་སྣོན་རྒྱག་རྒྱུ།
▶ ཏང་ཡོན་གྱི་དྲ་རྒྱའི་གཏམ་སྤྱོད་ཚད་ལྡན་དུ་གཏོང་རྒྱུ།
སྤྱི་ཚོགས་ཀྱི་སྒྲིག་སྲོལ་དང་རྒྱབ་འགལ་བྱས་ནས་དྲ་རྒྱར་ལུགས་དང་མ་མཐུན་པའི་གཏམ་སྤྱོད་སྤེལ་བར་ཆད་པ་གཅོད་པའི་གཏན་འབེབས་ཁ་སྣོན་རྒྱག་རྒྱུ།