《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年05月07日

རང་ལྗོངས་ཀྱིས་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་ཆེད་ལས་ལག་རྩལ་པའི་ངལ་རྩོལ་དང་རྩལ་ནུས་འགྲན་བསྡུར་བྱས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་5ཚེས་5ཉིན་གནས་ཚུལ་འབྱོར་གསལ། ཉེ་དུས་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་དང་། ལྗོངས་མི་སྤྱི་ཐིང་། ལྗོངས་སྤྱི་ཁྱབ་བཟོ་ཚོགས། སྡེ་ཚོགས་ལྗོངས་ཨུ་ལྷན། ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས། ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་བཅས་ཀྱིས་མཉམ་དུ་སྤེལ་བའི“བོད་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་ཆེད་ལས་ལག་རྩལ་པའི་ངལ་རྩོལ་དང་རྩལ་ནུས་འགྲན་བསྡུར་སྐབས་བཞི་པ”ལྷ་སར་འགོ་ཚུགས་པ་དང་། རིགས་པའི་གཞུང་ལུགས་དང་དོན་དངོས་བཀོལ་སྤྱོད་ཀྱི་རྣམ་གྲངས་ཁག་གཉིས་ཀྱི་འགྲན་བསྡུར་དྲག་པོ་བརྒྱུད། ཕུལ་བྱུང་བདམས་ཐོན་པ་བདམས་ནས་རང་སྐྱོང་ལྗོངས་ཀྱི་ཚབ་བྱས་ཏེ་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཚད་ཞིབ་ཚད་ལེན་གྱི་འགྲན་བསྡུར་ཆེ་མོ་སྐབས་གསུམ་པར་ཞུགས་རྒྱུ་རེད།

ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་གི་འབྲེལ་ཡོད་འགན་འཁུར་བས། ད་ཕན་ལོ་ཤས་རིང་ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཁོངས་གཏོགས་ཀྱིས་སྔ་རྗེས་སུ་ལྟ་ཞིབ་ཚད་ལེན་གྱི་ཐད་ཀའི་དོ་དམ་སྒྱུར་བཅོས་དང་། ཚོད་ལྟ་ཁང་གི་ཁས་ལེན་དཔང་འདོན། ལྟ་ཞིབ་ཚད་ལེན་གྱི་དྲ་རྒྱ་འཛུགས་སྐྱོང་སོགས་སྒྱུར་བཅོས་བྱེད་ཐབས་རབ་དང་རིམ་པ་བཏོན་པ་དང་། སྐུ་ལྷ་དར་གདོང་འབྲི་ཆུའི་ཆུ་འགོ་དང་། ཡར་ཀླུང་གཙང་པོའི་ཆུ་གློག ཁྲོན་བོད་ལྕགས་ལམ་གྱི་ལྟ་ཞིབ་ཚད་ལེན་སོགས་ཀྱི་ལས་དོན་སྤེལ་བས། ཡུག་ཁུལ་གྱི་ས་ཚིགས་25ལ་རྒྱུན་གཏན་གྱི་ལྟ་ཞིབ་ཚད་ལེན་གྱི་ནུས་པ་ལྡན་པ་དང་། ལྟ་ཞིབ་ཚད་ལེན་མི་སྣ་100ལྷག་ཙམ་གྱིས་ལག་ཁྱེར་འཁྱེར་ནས་ལས་གནས་ཐོག་ཞུགས་རྒྱུ་མངོན་འགྱུར་ཐུབ་ནས། ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་དཔུང་ཁག་གི་འགྲན་སློབ་སྙེག་བརྒལ་དང་རྩེ་གྲ་གཏོད་པའི་རྣམ་པ་བཟང་པོ་བཏོད་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།